ཆོས་འཁོར་དང་པོ་བསྐོར་བའི་དུས་དྲན་སྲུང་བརྩིའི་སྐབས་༸གོང་ས་མཆོག་ནས་གསུང་འཕྲིན།

སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་དང་པོ་བསྐོར་གནང་བའི་དུས་དྲན་དྲ་ཐོག་ནས་སྲུང་བརྩིའི་སྐབས་༸གོང་ས་མཆོག་དང་རྒྱ་གར་གྱི་སྲིད་བློན་ནས་གསུང་འཕྲིན་བསྩལ་འདུག

འཁོར་ལྔ་སྡེ་བཟང་པོར་ཆོས་འཁོར་དང་པོ་བསྐོར་བའི་སྐབས། ཝི་ཀི་པི་ཌི་ཡ།

རྒྱ་གར་གྱི་རིག་གཞུང་བློན་ཆེན་ལས་ཁང་ནས་གོ་སྒྲིག་གནང་སྟེ་གནས་མཆོག་ཝ་ར་ཎ་སི་རུ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་གནང་མུས་ལ། ཕྱི་ཟླ་༧ཚེས་༤ཉིན་མོ་འདི་ནི་ Dharma Chakra Day ཞེས་སྟོན་པ་བཅོམ་ལྡན་འདས་ཀྱིས་འཁོར་ལྔ་སྡེ་བཟང་པོར་ཆོས་འཁོར་དང་པོ་བསྐོར་གནང་བའི་དུས་དྲན་དྲ་ཐོག་ནས་སྲུང་བརྩི་ཞུས་འདུག

སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་བསྐོར་བའི་དུས་ཆེན་ཉིན་རྒྱ་གར་གྱི་སྲིད་བློན་Narendra Modi མཆོག་གིས་གསུང་བཤད་གནང་བའི་ནང་། དེ་རིང་གི་ཉིན་མོ་ནི་ང་ཚོར་ཤེས་ཡོན་སྤྲོད་མཁན་དགེ་བའི་བཤེས་གཉེན་རྣམས་ལ་རྗེས་དྲན་ཞུ་རྒྱུའི་ཉིན་མོ་ཞིག་ཡིན་སྟབས། དེ་རིང་ང་ཚོས་སྟོན་པ་བཅོམ་ལྡན་འདས་ལ་གུས་བཏུད་ཞུ་ཡི་ཡོད་པ་རེད་ཅེས་གསུངས་བཞག དེ་བཞིན་ཁོང་གིས་ད་ལྟ་འཛམ་གླིང་ནང་དམིགས་བསལ་གདོང་ལེན་ཆེན་པོ་ཞིག་བྱ་དགོས་པའི་དུས་དེར་མཐའ་མའི་ཐབས་ལམ་དེ་སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་གནང་བའི་བྱམས་དང་སྙིང་རྗེའི་ལམ་ནས་དཀའ་ངལ་དེ་ཚོ་སེལ་ཐུབ་ཀྱི་རེད། སྟོན་པ་བཅོམ་ལྡན་འདས་ཀྱིས་སྟོན་གནང་མཛད་པའི་ལམ་སྟོན་ནང་།        དགེ་རྒན་ལ་གུས་ཞབས་དང་། གཞན་ལ་བསམ་ཤེས། ཉམས་ཐག་དང་བེུད་ལ་བརྩི་མཐོང་། ཞི་བདེ་དང་འཚེ་མེད་ལ་གུས་ཞབས་བྱ་དགོས་པ་སོགས་ཀྱི་བཀའ་གནང་ཡོད་པ་དང་། དེ་ཚོ་ནི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདེ་དོན་ལ་ཕན་ཐོགས་ཡོང་བ་དང་། འཛམ་གླིང་འདི་འཚོ་གནས་ཐུབ་ཆེད་ཡིན་པ་སོགས་ཀྱི་གསུང་བཤད་གནང་བཞག

རྒྱ་གར་ནང་པའི་ཆོས་ཚོགས་ཀྱིས་སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་དང་པོ་བསྐོར་བའི་དུས་དྲན་སྲུང་བརྩི་ཞུས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་བསྔགས་བརྗོད་གནང་ཐོག་ གསུང་འཕྲིན་བསྩལ་གནང་བའི་ནང་།        དེང་སང་རྣམ་རྟོག་དང་ལྟ་ཚུལ་འདྲ་མིན་གྱི་སྐབས་གཞུང་ཆེན་མོ་ལ་སྦྱངས་ཡོད་ན།        མཐར་ཚན་རིག་ལ་གཏུག་ནས་བཤད་ཐུབ་པ་དེ་ཤིན་ཏུ་གལ་ཆེན་དང་།        སློབ་གཉེར་གྱིས་བསྟན་པ་རྒྱས་པར་བྱ་དགོས་རེད་ཅེས་བཀའ་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org