བོད་ནང་ཆུ་ལོག་རྐྱེན་པས་འདས་གྲོངས་སུ་ཕྱིན་པ་རྣམས་ལ་མྱ་ངན།
2010.08.16
༄༅༎ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་གྱི་འབྲུག་ཆུ་རྗོང་ནང་ཆུ་ལོག་གི་འཇིགས་པའི་འོག་འདས་གྲོངས་སུ་ཕྱིན་པ་སོགས་ཀྱི་ཆེད་རྒྱ་ནག་གིས་མྱ་ངན་གུས་བཏུད་བྱས་པའི་གནས་ཚུལ་ཚུལ་ཐོན་འདུག་།
ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་གྱི་འབྲུག་ཆུ་རྗོང་ནང་བདུན་གཅིག་གི་གོང་དུ་གློ་བུར་དུ་ཆུ་ལོག་དང་ས་རུད་རྒྱུགས་ནས་ད་ལྟ་བར་དུ་མི་གྲངས་༡༢༣༩གྱི་ཚེ་སྲོག་ཤོར་བ་ཡོད་པ་དང་༥༠༥གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་འདུག་།
རྗོང་དེ་ཉིད་ཀྱི་མི་འབོར་གྱི་གསུམ་ཆ་གཅིག་ནི་བོད་རིགས་ཡིན་པ་དང་བརྒྱ་རིགས་དང་བོད་རིགས་བསྙེན་བསྒྲིག་བྱས་པའི་ནང་མི་མང་པོ་ཡོད་པའི་བོད་རིགས་ས་ཁུལ་གྱི་རྗོང་ཞིག་ཡིན་པ་རེད་འདུག་། བོད་མི་དང་རྒྱ་རིགས་གཉིས་ཀས་ངོས་འཛིན་བྱེད་སྲོལ་ཡོད་པ་ལྟར་ ཆུ་ལོག་གི་གོད་ཆགས་བྱུང་ནས་བདུན་གཅིག་ཕྱིན་པའི་རྗེས་རེས་གཟའ་ཉི་མའི་ཞོགས་པའི་ཆུ་ཚོད་བཅུ་པའི་ཐོག་འབྲུག་ཆུ་རྗོང་དུ་ངལ་སེལ་གྱི་ལས་དོན་མཚམས་བཞག་ནས་ སྐར་མ་གསུམ་གྱི་རིང་དུ་ངག་བཅད་གུས་བཏུད་ཀྱི་ཐོག་ནས་གོད་ཆགས་བྱུང་བ་རྣམས་ལ་མྱ་ངན་ཞུས་འདུག་།
རྒྱ་ནག་དང་ཕྱི་རྒྱལ་ལ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ལས་ཁང་ཚང་མའི་ཐོག་ཏུ་ཡོད་པའི་རྒྱལ་དར་ཕྱེད་ཙམ་མར་སྦབ་པ་དང་ གསར་ཤོག་ཁག་དང་དྲ་རྒྱའི་ཐོག་སྐྲག་མདང་ཅན་གྱི་མཚོན་མདོག་མེད་པའི་དཀར་ནག་གཉིས་ཀྱི་ཐོག་གནས་ཚུལ་བཀོད་མྱ་ངན་གུས་བཏུད་ཞུ་ཡོད་པ་རེད་འདུག་། བོད་ནས་བོད་མི་རྣམས་ཀྱིས་གནས་ཚུལ་གོ་དོན་ལྟར་ན་ ས་གནས་ཀྱི་མི་མང་རྣམས་ལ་མུ་མཐུད་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་དང་ ས་གནས་སུ་ཆར་ཆུ་མུ་མཐུད་འབབ་པའི་རྐྱེན་གྱིས་ས་གནས་ཀྱི་མི་མང་ས་གནས་གཞན་དུ་ཉེན་གཡོལ་དུ་འགྲོ་མཁན་རྣམས་རྒྱ་ནག་གིས་བཀག་བྱེད་ཀྱི་ཡོད་པའི་གནས་ཚུལ་འགྲེལ་བརྗོད་གནང་འདུག་།