ཡུ་གུར་དབུ་ཁྲིད་ཀྱི་བོུ་ཐེ་ལྦན་དུ་སྐོར་བསྐྱོད་དུ་འབྱོར་ཡོད་པ།
2010.07.18
༄༅༎བཙན་བྱོད་དུ་ཡོད་པའི་ཤར་ཏུརྐིཏན་གྱི་དབུ་ཁྲིད་རྭ་བྭི་ཡ་ཁ་རྡིར་གྱི་བོུ་རའེ་ལ་ཏོཤེ་རེས་གཟའ་ཉི་མའི་ཉིན་ཐེ་ལྦན་དུ་བལྟ་སྐོར་དུ་འབྱོར་ཡོད་འདུག
རའེ་ལ་ཏོཤེ་རྒྱལ་ས་ཐེཔེ་དང་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཀོཤིང་ནང་བགྲོ་གླེང་ཚོགས་འདུ་ཁག་གཉིས་ནང་མཉམ་ཞུགས་གནང་རྒྱུ་ཡིན་པ་དང་དེའི་སྐབས་སུ་རང་གི་སྐྱེས་མ་ཁ་རྡིར་གྱི་ལོ་རྒྱུས་གློག་བརྙན་བརྩེ་བའི་རྐྱེན་བཅུ་ཞེས་པ་དེ་ཡང་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག། ཚོགས་འདུ་གོ་སྒྲིག་ཞུ་མཁན་ཚོས་རྭ་བི་ཡ་ཁ་རྡིར་གྱི་སྲས་མོ་ཕེབས་བཅུག་ཡོད་ཀྱང་ ཆབ་སྲིད་ཀྱི་དཀའ་རྙོག་ལ་གཡོལ་ཐབས་ཆེད་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ལས་བྱེད་གཙོ་བའི་གྲས་ཨོ་མར་ཁ་ནཏ་ཐོག་མར་ཚོགས་འདུ་ཕེབས་རྕིས་ཡོད་ཀྱང་སྐབས་མཚམས་སུ་ཕྱིར་འཐེན་བྱས་ཡོད་འདུག སྔ་ལོ་རྭ་བི་ཡ་ཁ་རྡིར་ཐེ་ལྦན་ནང་ཕེབས་མ་བཅུག་པ་དེས་རྒྱལ་སྤྱིའི་ནང་ཐེ་ལྦན་གྱི་ཆེ་ཐོངས་ལ་གནོད་ཡོད་རེད། ད་ཆ་བསྐྱར་དུ་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་དཔོན་རིགསས་ཕེབས་མ་ཐུབ་དེས་ཐེ་ལྦན་གྱི་ཆེ་ཐོངས་དེ་བས་ཉམས་གྱི་རེད་ཅེས་ཚོགས་འདུ་གོ་སྒྲིག་གནང་མཁན་ཚོགས་པའི་འགན་འཛིན་ཕེ་རེཌི་ལིམ་གྱིས་གསར་འགོད་པར་འགྲེལ་བརྗོད་གནང་འདུག། སྲིད་འཛིན་མྭ་ཡིང་ཇོ་ཡི་སྲིད་གཞུང་གིས་འཛམ་གླིང་ཡུ་གུར་ལྷན་ཚོགས་དེ་བཞིན་འཇིགས་སྐུལ་དྲག་སྤྱོད་པའི་ཐོ་གཞུང་ནང་ཡོད་པར་བརྟེན་སྔ་ལོ་རྭ་བི་ཡ་ཁ་རྡིར་ཐེ་ལྦན་ནང་ཕེབས་རྒྱུར་བཀག་འགོག་བྱས་པ་རེད༎