རྒྱ་ནག་གཞུང་གིས་ཡུ་གུར་མི་གཉིས་ལ་སྲོག་ཁྲིམས་བཅད་པ།

རྒྱ་གཞུང་གིས་ཡུ་གུར་མི་གཉིས་ནས་ཉེན་རྟོག་དཔུང་དམག་ཁག་ལ་དྲག་རྒོལ་གྱིས་སྲོག་སྐྱོན་བཏང་བའི་ནག་ཉེས་འོག་དེ་རིང་སྲོག་ཐོག་བཏང་བ།

༄༅༎རྒྱ་ནག་གཞུང་གིས་ཤིང་ཅང་ནང་ཡུ་གུར་རང་དབང་འཐབ་རྩོད་པ་གཉིས་ལ་ཉེ་སྔོན་ཨོ་ལིམ་པིག་གི་རྩེད་འགྲན་མ་ཚུགས་ཀྱི་གོང་རྒྱ་ནག་གཞུང་གི་ཉེན་རྟོག་དཔུང་དམག་ཁག་ལ་དྲག་རྒོལ་གྱིས་སྲོག་སྐྱོན་བཏང་བའི་ནག་ཉེས་འོག་དེ་རིང་སྲོག་ཐོག་བཏང་ཡོད་འདུག

རྒྱ་ནག་གི་གཞུང་འབྲེལ་ཤིན་ཧུཨ་གསར་འགྱུར་ལས་ཁང་གིས་ཡུ་གུར་མི་རིགས་གཉིས་ལ་ཁྲིམས་གཅོད་དེ་ཀ་ཤ་གར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་བཏང་ཡོད་པ་ངོ་སྤྲོད་གནང་བ་ལས་གཞན་དོ་བདག་གང་ཟག་དེ་གཉིས་ཀྱི་སྐོར་དམིགས་བསལ་གནས་ཚུལ་གང་ཡང་ཕྱི་བསྒྲགས་བྱས་མེད་པ་རེད། གནས་ཚུལ་ཐོན་ཁུངས་ལ་གཞིགས་ན་རྒྱ་ནག་གཞུང་གིས་ཁོང་གཉིས་ལ་ཉེ་སྔོན་ཕྱི་ཟླ་བརྒྱད་པའི་ནང་ཀ་ཤ་གར་ནང་རྒྱ་ནག་གཞུང་གི་ཉེན་རྟོག་དཔུང་དམག་ཁག་ཅིག་སྔ་དྲོའི་ལུས་རྩལ་གྱི་འདུ་འཛོམས་ཐོག་རྐུ་འཁྱེར་བྱས་པའི་མོ་ཊ་ཞིག་བཏང་སྟེ་དམག་མི་ཁག་ཅིག་བརྫིས་བ་དང་གཞན་ལ་ལག་སྦོམ་དང་གྲི་སོགས་རྒྱབ་སྟེ་ཉེན་རྟོག་དཔུང་དམག་བཅུ་བདུན་རྐྱེན་ལམ་དུ་བཏང་བ་དང་བཅོ་ལྔར་རྨས་སྐྱོན་བཏང་མཁན་གྱི་བྱེད་གཏེ་ཡིན་པའི་སྐྱོན་བཙུགས་བྱེད་ཀྱི་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org