རྒྱ་ནག་ཏུ་རིག་གཞུང་བཅོས་བསྒྱུར་གྱི་ལས་འགུལ་སྤེལ་འཆར།

རྒྱ་ནག་ཏུ་རིག་གཞུང་བཅོས་བསྒྱུར་གྱི་ལས་འགུལ་སྤེལ་འཆར་ནི་བརྒྱུད་ལམ་ཁག་དང་དྲ་རྒྱའི་ལས་དོན་ལ་དམ་བསྒྲཌ་བྱེད་རྒྱུའི་འཆར་གཞི།

2011.09.27

༄༅༎རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ རྒྱ་ནག་གི་ཆེས་མཐོའི་འགོ་འཁྲིད་ཚོས་རིག་གཞུང་བཅོས་བསྒྱུར་ཟེར་བའི་ལས་འགུལ་ཞིག་སྤེལ་འཆར་ཡོད་པ་བརྗོད་བཞིན་ཡོད་པ་དང་ དེ་ནི་གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་བསམ་ཚུལ་སྟངས་འཛིན་བྱ་རྒྱུར་བརྒྱུད་ལམ་ཁག་དང་ དྲ་རྒྱའི་ལས་དོན་ལ་དམ་བསྒྲཌ་བྱེད་རྒྱུའི་འཆར་གཞི་ཞིག་ཡིན་པར་དྭོགས་པ་བྱེད་བཞིན་ཡོད་པ་རེད།
དེ་ཡང་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེར་བ་ཞིག་གི་ནང་ གཟའ་ཟླ་བ་ཉིན་རྒྱ་ནག་ནང་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོས་གཙོ་སྐྱོང་གནང་པའི་ཆེས་མཐོའི་ཚོགས་འདུ་ཞིག་གི་ཐོག་ རིག་གཞུང་ཐོག་གི་འཕེལ་རིམ་གསར་པ་ཁག་གི་ཁ་ཕྱོགས་བསྒྱུར་ཐབས་བྱེད་དགོས་པ་དང་ དེ་ཡང་རྒྱ་ནག་གི་ཁྱད་ཆོས་ལྡན་པ་ཞིག་དགོས་ལུགས་བརྗོད་ཡོད་ཀྱང་ འགྱུར་བ་གང་ཞིག་གཏོང་མིན་གྱི་ཞིབ་ཕྲའི་ནང་དོན་ཤིན་ཧྭ་གསར་ལས་ཁང་གིས་ལུང་འདྲེན་བྱས་མེད་པ་རེད།
འོན་ཀྱང་གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་གི་འཆར་གཞི་དེས་ རྒྱ་ནག་ནང་གི་གསར་ཤོག་ཁག་དང་ བརྙན་འཕྲིན་ དེ་བཞིན་མང་ཚོགས་ཀྱི་མཉམ་ཞུགས་ཆེན་པོས་བེད་སྤྱོད་བྱེད་པའི་ཟིན་ཐོའི་དྲ་རྒྱའི་བརྒྱུད་ལམ་ཁག་ལ་དམ་བསྒྲཌ་སྟངས་འཛིན་ཡོང་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་ ཨ་མི་རི་ཀའི་ཀ་ལི་ཕོར་ནི་ཡའི་སྦཀ་ལི་མཐོ་རིམ་གཙུག་ལག་སློབ་གྲྭའི་ནང་གི་གསར་འགྱུར་བརྒྱུད་ལམ་གྱི་གནད་དོན་ཐད་མཁས་པ་ཤའོ་ཆིའང་གིས་ རིག་གཞུང་ཐོག་དམ་བསྒྲགས་སྟངས་འཛིན་བྱེད་རྒྱུའི་འཆར་གཞི་ཚང་མའི་རྒྱབ་ཏུ་ མང་ཚོགས་ཀྱིས་སྲིད་དབང་གི་ཤོག་ཁག་ལ་ཁ་གཏད་འབྱུང་རྒྱུ་འགོག་ཐབས་ཀྱི་ཆབ་སྲིད་ཀྱི་དམིགས་ཡུལ་ཞིག་ག་དུས་ཡིན་ཡང་ཡོད་པ་དང་ རྒྱ་ནག་གཞུང་གི་འཆར་གཞི་དེས་ རྒྱ་ནག་ནང་རིག་གཞུང་གི་གཞི་ཡུལ་ཁྱབ་བརྡལ་ཆེན་པོ་འགྲོ་བཞིན་པར་ རྒྱ་ནག་གི་འགོ་འཁྲིད་ཚོས་ཚུལ་བཞིན་བཀག་སྡོམ་ཐུབ་ཀྱི་མེད་པར་འགོ་འཁྲིད་ཚོར་སེམས་འཚབ་ཆེན་པོ་བྱུང་བཞིན་ཡོད་པ་མཚོན་གྱི་ཡོད་པ་འགྲེལ་བརྗོད་གནང་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎