རྒྱ་ནག་གིས་འཛམ་གླིང་ནང་བཙན་དབང་གཏོང་བའི་སྐྱོན་འཛུཌ།

རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་རྒྱ་ནག་གིས་འཛམ་གླིང་ནང་བཙན་དབང་གཏོང་གི་ཡོད་སྐོར་སྐྱོན་འཛུགས་ལ་ཁས་ལེན་མེད་པ།

༄༅༎རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་རྒྱ་ནག་གིས་འཛམ་གླིང་ནང་བཙན་དབང་གཏོང་གི་ཡོད་སྐོར་སྐྱོན་འཛུགས་ལ་ཁས་ལེན་མེད་པའི་གཏམ་བཤད་བྱས་འདུག

རྒྱ་ནག་གི་སྟོབས་ཤུགས་རྒྱས་བཞིན་པར་བརྟེན་ནས་རྒྱལ་སྤྱིའི་ལྡིང་ཆེའི་སྟེང་ལངས་ཕྱོགས་མཁྲེགས་པོ་འཛིན་སྟེ་བཙན་དབང་བཏང་སྟེ་འཛམ་གླིང་ནང་འགོ་འཁྲིད་ཀྱི་འགན་འཁུར་དོན་གཉེར་བྱེད་ཀྱི་ཡོད་སྐོར་གནས་ཚུལ་མང་པོ་ཁྱབ་བཞིན་པའི་ཐད་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་མཱ་ཀྲའོ་ཤུ་རྒྱ་ནག་སྟོབས་ཤུགས་རྒྱས་བཞིན་པ་དེ་ནི་ཞི་བའི་སྒོ་ནས་ཡར་རྒྱས་གོང་འཕེལ་འགྲོ་བཞིན་པ་ཞིག་ཡིན་པ་དང་ང་ཚོས་འཛམ་གླིང་གི་རྒྱལ་ཁབ་ཆེ་བ་དང་ཆུང་བ་ སྟོབས་ཤུགས་ཆེ་བ་དང་ཆུང་བ་ དཔལ་འབྱོར་ཆེ་བ་དང་ཉམས་ཐག་རྒྱལ་ཁབ་ཚང་མ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚོགས་མི་གཅིག་མཚུངས་སུ་རྩིས་ཀྱི་ཡོད་ལུགས་དང་རྒྱ་ནག་གིས་རྒྱལ་ཁབ་གཞན་ལ་བཙན་དབང་ལ་སོགས་པའི་ཐུབ་ཚོད་གཏོང་གི་མེད་ལ་རྒྱལ་ཁབ་གཞན་གྱི་ནང་སྲིད་གནད་དོན་ལ་ཡང་ཐེ་བྱུས་བྱེད་ཀྱི་མེད་ཅེས་དང་ཡང་རྒྱལ་ཁབ་གཞན་གྱིས་རྒྱ་ནག་གི་ནང་སྲིད་གནད་དོན་ནང་ཐེ་གཏོགས་བྱེད་དུ་འཇུག་གི་མེད་ལ་ དེ་བཞིན་དུ་རྒྱ་ནག་གི་བདག་དབང་ལ་ཡང་སྣང་མེད་དང་བརྩི་མེད་རྡོག་རོལ་གཏོང་འཇུག་གི་མེད་ཚུལ་ཁ་ས་རྒྱ་ནག་གི་རྒྱལ་ས་བེ་ཅིང་ནང་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཤིག་བརྗོད་ཡོད་པའི་གནས་ཚུལ་འདུག།