གནམ་དམག་གནམ་གྲུ་འགྲེམས་འཇོག


2013.05.20
རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁྲིས་སུ་གནམ་དམག་གནམ་གྲུའི་བསྟི་གནས་ཤིག་བཟོ་བཞིན་ཡོད་པ།
ཨེ་ཨེཕ་པི།

༄༅༎རྒྱ་གར་གྱི་གསང་བའི་ཉམས་ཞིབ་ཁང་གིས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ནག་གཞུང་གིས་Su-27  ཞེས་པའི་གནམ་དམག་གནམ་གྲུའི་བསྟི་གནས་ཤིག་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁྲིས་སུ་བཟོ་ཡི་ཡོད་འདུག་
དེ་ཡང་རྒྱ་ནག་གཞུང་གིས་ལྷ་སའི་ཉེ་འཁྲིས་སུ་ཡོད་པའི་གོང་དཀར་གནམ་ཐང་དུ་Su-27རྟགས་ཅན་གནམ་གྲུ་འཇོག་རྒྱུའི་མཐུན་རྐྱེན་བསྐྲུན་ཡོད་པ་དང་གནམ་ཐང་དེ་ནས་རྒྱ་གར་གྱི་ལ་དྭགས་དང་། འབྲས་ལྗོངས། ཨ་རུ་ཎ་ཅལ་མངའ་སྡེ་བཅས་སུ་ཐད་ཀར་རྒོལ་འཛིང་ཐུབ་པའི་ནུས་པ་ཡོད་འདུག  དེ་ནི་རྒྱ་གར་གྱིས་Su-30MKIཞེས་པའི་གནམ་དམག་གནམ་གྲུ་ཨ་སམ་གྱི་གྲོང་ཁྱེར་Tezpur དང་ Chabua ནང་གསོག་འཇོག་བྱས་པའི་ཡ་ལན་ལྟ་བུ་ཞིག་ཡིན་པ་རེད། རྒྱ་གར་གྱི་གནམ་དམག་བསྟི་གནས་ཁང་དེ་གཉིས་ནས་བོད་དང་རྒྱ་ནག་ནང་རིང་ཚད་སྤྱི་ལེ་མི་ཊར་ཆིག་སྟོང་ཙམ་བར་རྒོལ་འཛིང་ཐུབ་པའི་ནུས་པ་ཡོད་པ་རེད།
རྒྱ་གར་གྱི་དམག་དཔོན་ཟུར་པ་Jaidev Ranade ཞུ་བས་གོང་དཀར་གནམ་དམག་བསྟི་གནས་དེ་ནི་  ང་ཚོས་བདེ་སྲུང་ཚགས་ཚུད་ཡར་རྒྱས་མ་བཏང་བའི་སྔོན་དུ་རྒྱ་ནག་གཞུང་གིས་གསར་བཟོ་བྱས་པ་ཞིག་ཡིན་པ་དང་གོང་དཀར་གནམ་དམག་བསྟི་གནས་སུ་ས་འོག་གབ་ཡིབ་བྱ་ཡུལ་དང་སྲུང་སྐྱོབ་བྱ་ཡུལ་གྱི་མཐུན་རྐྱེན་ཡང་གསར་བཟོ་བྱེད་བཞིན་ཡིན་ལུགས་གསུངས་བཞག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎