རྒྱ་ནག་ནང་འཇིགས་སྐུལ་དྲག་སྤྱོད་པར་ཁ་གཏད་བྱ་རྒྱུའི་ཁྲིམས།

རྒྱ་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་ལ་ཁ་གཏད་ཁྲིམས་ལུགས་གྲོས་གཞིར་འགྲེལ་བཤད་བརྒྱབ་སྟེ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཐོབ་ཐབས།

༄༅༎རྒྱ་ནག་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་ལ་ཁ་གཏད་ཀྱི་ཁྲིམས་ལུགས་གྲོས་གཞིར་འགྲེལ་བཤད་བརྒྱབ་སྟེ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཐོབ་ཐབས་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱིས་གཟའ་སྤེན་པའི་ཉིན། རྒྱ་ནག་གིས་འཇིགས་སྐུལ་དྲག་སྤྱོད་པར་ཁ་གཏད་ཀྱི་ཁྲིམས་ལུགས་གཏན་འེབབས་བྱ་རྒྱུ་དེ་ནི་རྒྱལ་སྤྱིའི་ཁྲོད་འཇིགས་སྐུལ་དྲག་སྤྱོད་པར་ཁ་གཏད་ལས་དོན་དང་ཐག་ཉེ་རུ་གཏོང་ཐབས་ཀྱིས། དབུས་ཨེ་ཤི་ཡའི་ས་མཚམས་ཁུལ་དུ་བརྟན་ལྷིང་ཡོངས་ཐབས་སུ་དམིགས་པ་ཡིན་ལུགས་འགྲེལ་བཤད་བརྒྱབ་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཡོངས་ཐབས་བྱེད་བཞིན་ཡདོ་པ་དང་། རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཁྲིམས་ལུགས་སྡེ་ཚན་གྱི་འཐུས་མིའི་གྲས་ལིའི་ཧྲུའུ་དབོད་ཀྱིས། ང་ཚོའི་རྒྱལ་ཁབ་ལ་འཇིགས་སྐུལ་དྲག་སྤྱོད་པས་དྲག་སྤྱོད་ཀྱི་ཉེན་ཚབས་ཡོད་མུས་ཡིན་པ་མ་ཟད། འཇིགས་སྐུལ་དྲག་སྤྱོད་པས་དྲག་སྤྱོད་ཀྱི་ལས་འགུལ་དེ་རྒྱུན་རིང་གནས་ཐབས་བྱེད་བཞིན་ཡོད་སྟབས་ཁྲིམས་ལུགས་ཐོག་ནས་འཇིགས་སྐུལ་དྲག་སྤྱོད་པར་ཁ་གཏད་ཀྱི་སྒྲིག་གཞི་གཏན་འབེབས་བཟོ་རྒྱུ་དེ་དགོས་ངེས་ཡིན་ལུགས་བརྗོད་ཡོད་འདུག རྒྱ་ནག་གཞུང་གིས་བཏོན་པའི་འཇིགས་སྐུལ་དྲག་སྤྱོད་པར་ཁ་གཏད་ཀྱི་ཁྲིམས་གཞི་དེའི་ནང་། སྤྱི་ཚོགས་ཁྲོད་ཟང་ཟིང་བཟོས་པ་དང་ རྒྱལ་ཁབ་ཀྱི་ལས་ཁུངས་དང་། རྒྱལ་སྤྱིའི་ཚོགས་པ་ཁག་ལ་དམིགས་ནས་ཉེན་བརྡ་དང་ དྲག་སྤྱོད། གཏོར་བཤིག འཇིགས་སྐུལ་སོགས་ཀྱི་ལམ་འཛིན་ནས་མི་ཤི་རྨས་དང་། ཡང་ན་དཔལ་འབྱོར་གྱི་གྱོང་གུན་ཤུགས་ཆེ་བཟོས་པ་སོགས་དང་། ལས་དོན་དེ་རིགས་ཐོག་མ་དངུལ་རོགས་རམ་དང་སྐུལ་སློང་བྱེད་མཁན་ཚོ་ཡང་འཇིགས་སྐུལ་དྲག་སྤྱོད་པར་ངོས་འཛིན་བྱ་རྒྱུ་ཡིན་ལུགས་འཁོད་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org