སྐ་རགས་འཆིང་པ་དང་ཞགས་པ་རྒྱག་པ།

2023.08.25
སྐ་རགས་འཆིང་པ་དང་ཞགས་པ་རྒྱག་པ།
Photo: RFA

རྒྱ་ནག་དམར་ཤོག་ཚོགས་པ་དང་ཨཧྥ་རི་ཀའི་ཡུལ་གྲུ་ཏན་ཛེ་ཎི་ཡ། ཎ་མི་སྦི་ཡ། ཨང་གྷོ་ལ། ལྷོ་ཨཧྥ་རི་ཀ་དང་ཛིམ་སྦཝེ་བཅས་ལག་འབྲེལ་གྱིས་ཨཧྥ་རི་ཀའི་ཡུལ་གྲུ་ཁག་གི་འགོ་ཁྲིད་ཚོར་རྒྱ་ནག་གི་སྲིད་དབང་སྒེར་གཅོད་ཀྱི་དབང་ཆ་བཟུང་ཕྱོགས་དང་འབྲེལ་ནས་སྦྱོང་བརྡར་སྤྲོད་རྒྱུ་ཡིན་ཞིང་།  ཏན་ཛེ་ཎི་ཡའི་ནང་ཡོད་པའི་The Mwalimu Julius Nyerere འགོ་ཁྲིད་གསོ་སྐྱོང་སློབ་གཉེར་ཁང་དུ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་བྱུས་དང་། གཞུང་འཛིན་སྲིད་དོན་ཚོགས་པས་གཞུང་གཉེར་ལྟེ་གནས་ཁང་ཁག་ལ་སྟངས་འཛིན་བྱེད་ཕྱོགས་ཀྱི་སྐོར་ལ་རྒྱ་ནག་དམར་ཤོག་ཚོགས་པས་བྱེད་ལུགས་ཀྱི་ཐབས་ལམ་ཐད་སློབ་གསོ་སྤྲོད་རྒྱུ་ཡིན་འདུག

ཨཧྥ་རི་ཀ་ཁྱོན་ཡོངས་ཀྱི་དཔལ་འབྱོར་གནས་སྟངས་ཐོག་རྒྱ་ནག་གི་ཤུགས་རྐྱེན་ནུས་པ་ཧ་ཅང་ཆེན་པོ་ཡོད་ལ། དམིགས་བསལ་སྦྱོར་བརྡར་སྤྲོད་ཡུལ་རྒྱལ་ཁབ་དྲུག་པོ་དང་རྒྱ་ནག་ནི་དེ་སྔོན་མི་སེར་སྤེལ་ཡུལ་ཡིན་པའི་དུས་སྐབས་ནས་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད།

གསར་འགོད་པ། སྐལ་ལྡན་བློ་གྲོས།

རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎