སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལགས་སུ་འོས་ཤོག་མང་བ་ཐོབ་འདུག

2021.04.16
སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལགས་སུ་འོས་ཤོག་མང་བ་ཐོབ་འདུག སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་ ༥༣༢༩ ཀྱི་མང་བ་ཐོབ་སྟེ་ཐེངས་རྗེས་མའི་སྲིད་སྐྱོང་དུ་བདམས་ཐོན་བྱུང་བ་ངེས་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བྱང་ཨ་མི་རི་ཀའི་ ༢༠༢༡ སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་ཤོག་གྲངས་བཤེར་ཟིན་པ་དང་། དེ་བཞིན་རྒྱ་གར་དང་བལ་ཡུལ། ཨེ་ཤེ་ཡ་དང་ཡོ་རོབ་སོགས་ཀྱི་འོས་བསྡུའི་གྲངས་བཤེར་ཟིན་པ་ཁག་ལག་ཐོབ་བྱུང་བར་གཞིགས་ན། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལགས་སུ་ཁྱོན་འོས་གྲངས་༣༣༩༢༤ དང་། སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་རྡོར་ལགས་སུ་འོས་གྲངས་༢༨༥༩༥ བཅས་ཐོབ་འདུག་ཅིང་། སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་ ༥༣༢༩ ཀྱི་མང་བ་ཐོབ་སྟེ་ཐེངས་རྗེས་མའི་སྲིད་སྐྱོང་དུ་བདམས་ཐོན་བྱུང་བ་ངེས་འདུག
ཨ་མི་རི་ཀ་དང་ཁེ་ན་ཌ་ཁུལ་ནས་ཁྱོན་བསྡོམས་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་ ༦༡༠༤ དང་། སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་འོས་གྲངས་ ༥༧༤༧ བཅས་ཐོབ་ཡོད་པ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དང་འོས་བསྡུའི་འགན་འཛིན་གཅིག་ལྕོགས་དངོས་གྲུབ་ཚེ་རིང་ལགས་ཀྱིས་དེ་རིང་ཕྱི་ཟླ་ ༤ ཚེས་ ༡༦ གཟའ་པ་སངས་ཉིན་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་རེད།
ཡང་བྱང་ཨ་མི་རི་ཀའི་སྤྱི་འཐུས་སུ་གཞོན་ནུའི་ཚོགས་ཟུར་བསྟན་འཛིན་འཇིགས་མེད་ལགས་སུ་འོས་གྲངས་ ༦༡༥༩ དང་། དོན་གྲུབ་ཚེ་རིང་ལགས་སུ་འོས་གྲངས་ ༥༤༡༩ བཅས་ཐོབ་སྟེ། ཁོང་རྣམ་གཉིས་བྱང་ཨ་མི་རི་ཀའི་བདམས་ཐོན་སྤྱི་འཐུས་སུ་ངེས་པ་ཡིན་པ་རེད།
འོན་ཀྱང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་གྲངས་ཀྱི་གཞུང་འབྲེལ་མཐའ་མའི་གསལ་བསྒྲགས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལྷན་ཁང་ནས་ཕྱི་ཟླ་ ༥ ཚེས་ ༡༤ ཉིན་གནང་གཏན་འཁེལ་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎