བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གཞུང་གི་སྲིད་བྱུས་ལ་སྐྱོན་བརྗོད།

རྒྱ་གཞུང་གིས་བོད་ནང་རང་ལུས་མེ་སྲེག་འགོག་ཐབས་ཀྱི་སྲིད་བྱུས་ལ་བོད་མིའི་སྒྲིག་འཛུགས་ནས་སྐྱོན་བརྗོད།

2012.10.27

༄༅༎རྒྱ་ནག་གཞུང་ནས་བོད་མིའི་དཀའ་ངལ་སེལ་རྒྱུའི་ཚབ་ཏུ་རང་ལུས་མེར་སྲེགས་གཏོང་རྒྱུར་འགོག་ཐབས་སུ་དངུལ་དངོས་སྤྲོད་རྒྱུའི་སྲིད་བྱུས་འཛིན་བཞིན་པ་དེར་བོད་མིའི་སྒྲིག་འཛུགས་ཀྱིས་སྐྱོན་བརྗོད་གནང་ཡོད་འདུག
ཉིན་ཤས་གོང་ཀན་ལྷོ་ཞིང་ཆེན་གྱི་སྤྱི་བདེ་ལས་ཁུངས་ཤིག་ནས་རང་ལུས་མེར་སྲེགས་གཏོང་རྩིས་བྱེད་མཁན་དང་དེ་དག་གི་བཀོད་བྱུས་བྱེད་མཁན་སུ་ཡིན་མིན་གནས་ཚུལ་བཤད་མཁན་བྱུང་བ་ཡིན་ན། རྒྱ་སྒོར་ཁྲི་ལྔ་ནས་ཉི་ཤུ་བར་གསོལ་རས་སྤྲོད་རྒྱུ་ཡིན་ལུགས་གསལ་བསྒྲགས་བྱས་ཡོད་པ་དེར། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སྐྱོན་བརྗོད་གནང་ཡོད་འདུག
དེ་ཡང་ཁ་ས་ཚེས་ཉི་ཤུ་དྲུག་འཁོད་པའི་སྤྱི་བསྒྲགས་དེའི་ནང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ནང་གི་བོད་མི་ཚོར་རང་ལུས་མེར་སྲེག་གིས་མཚོན་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་འདི་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་བསྟུད་མར་ཞུ་བཞིན་ཡོད། འོན་ཀྱང་བོད་མིས་རང་ལུས་མེར་སྲེགས་བཏང་བའི་རྒྱུ་རྐྱེན་དེ་རྒྱ་ནག་གཞུང་ནས་དངུལ་སྤྲད་ནས་འགོག་ཐབས་བྱས་པ་དེ་ཕན་ཐོགས་གང་ཡང་མེད་པ་མ་ཟད། རྒྱ་ནག་གཞུང་གི་བྱ་སྤྱོད་དེས་བོད་མིའི་དངོས་ཡོད་གནས་སྟངས་གསལ་རྟོགས་མེད་པ་ཧ་ཅང་གསལ་པོ་མཚོན་གྱི་ཡོད་རེད་ཅེས་གང་ལྟར་བོད་ནང་གི་བོད་མི་ཚོས་སེམས་ནང་གི་དཀའ་ངལ་ཡོད་པ་རྣམས་གསལ་པོ་གོ་རྟོགས་ཐུབ་པ་བྱེད་ན་དཀའ་ངལ་སེལ་ཐབས་བྱེད་དགོས་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་ལུགས་གསུངས་ཡོད་པ་རེད། ད་བར་བོད་ནང་རང་ལུས་མེར་སྲེགས་བཏང་མཁན་བོད་མི་ཚོས་འབོད་སྒྲ་གཙོ་བོ་ནི་བོད་ལ་རང་དབང་དགོས། ༧གོང་ས་༧ཏཱ་ལའི་བླ་མ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་དགོས་འདུན་བཏོན་གྱི་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎