རང་སྲེག་ངན་སྐུལ་བ་ཡིན་ཚུལ་གྱིས་བོད་མི་འཇུ་བཟུང་།

ཉེ་ལམ་རྒྱ་ནག་གི་ཉེན་རྟོག་པས་མདོ་སྨད་རྔ་བ་ཕྱོགས་ཀྱི་བློ་བཟང་དཀོན་མཆོག་དང་བློ་བཟང་ཚེ་རིང་གཉིས་རང་སྲེག་ངན་སྐུལ་བ་ཡིན་ཚུལ་གྱིས་འཛིན་བཟུང་བྱས་སྐོར་ཤིན་ཧ་གསར་ལས་ཁང་གིས་བསྒྲཊ་འདུག

2012.12.10

དེ་ཡང་རྒྱ་ནག་གཞུང་འབྲེལ་གསར་ལམ་དེར། རྒྱ་མིའི་ཉེན་རྟོག་པས་ཟི་ཁྲོན་ཞིང་ཆེན་ནང་གི་རང་ལོ་༤༠་ཡིན་པ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་རང་དཀོན་མཆོག་དང་། ཁོང་གི་ཚ་བོ་རང་ལོ་༣༡་ཡིན་པ་བློ་རང་ཚེ་རིང་གཉིས་ཀྱིས་བོད་མི་བརྒྱད་ལ་རང་ལུས་མེར་བསྲེཌ་དགོས་པའི་རྒྱུད་སྐུལ་བྱས་ཚུལ་ནག་ཉེས་བཙུཌ་ནས་འཛིན་བཟུང་བཀག་ཉར་བྱས་པ་དང་། ཉེན་རྟོག་པས་རྩད་གཅོད་སྐབས་དགེ་འདུན་པ་བློ་བཟང་དཀོན་མཆོག་གིས་ཏ་ལའི་བླ་མ་མཆོག་ལ་རྒྱབ་སྐྱོར་ཞུ་མཁན་རྒྱ་མཚོའི་ཕ་རོལ་དུ་ཡོད་པ་ཚོ་དང་འབྲེལ་བ་ཡོད་ཚུལ་དང་། ཕྱི་ལོ་༢༠༠༩་ལོ་ནས་བཟུང་བོད་མི་བརྒྱད་ལ་རང་ལུས་མེར་བསྲེཌ་གཏོང་དགོས་པའི་དང་བླངས་ཐོན་དུ་བཅུག་ལུཌ། དེ་བཞིན་དགེ་འདུན་པ་བློ་རང་དཀོན་མཆོག་གིས་རང་ལུས་མེར་བསྲེཌ་གཏོང་རྒྱུའི་དང་བླངས་ཐོན་མཁན་ཚོའི་འདྲ་པར་དང་། སྒེར་གྱི་གནས་ཚུལ་ཁག་བསྡུ་རུབ་ཀྱིས་ཉར་ཚཌ་བྱས་ཚུལ་ཉེན་རྟོག་པས་ཤེས་རྟོགས་བྱུང་བ་སོགས་གསར་ལམ་དུ་བསྒྲགས་པ་ལྟར། ཨེ་པི་གསར་ལས་ཁང་ལུང་འདྲེན་གྱིས་The Washington Post ཞེས་པའི་ཨ་རིའི་ཉིན་རེའི་གསར་ཤོག་གི་དྲ་རྒྱའི་ཐོག་ཡང་གནས་ཚུལ་དེ་སྤེལ་ཡོད། འོན་ཀྱང་ཁོང་ཚོས་རྒྱ་ནག་གཞུང་འབྲེལ་ཞིང་ཧ་གསར་ལས་ཁང་གིས་བོད་ནང་རང་ལུས་མེར་བསྲེཌ་ཀྱི་གནས་ཚུལ་དང་༧གོང་ས་མཆོག་འབྲེལ་བ་ཡོད་པའི་ར་སྤྲོད་ཞིབ་ཕྲ་གང་ཡང་བཀོད་མེད་པ་གསལ་ཁ་བཏོན་པ་མ་ཟད་། ད་དུང་དེའི་ཐད་དབུས་བོད་མིའི་སྒྲིཌ་འཛུཌ་ཀྱི་མགྲིན་ཚབ་པ་བློ་བཟང་ཆོས་གྲཌ་ལཌ་ཀྱིས་ང་ཚོའི་བསམ་པར་རྒྱ་ནག་གཞུང་གིས་དགེ་འདུན་པ་བློ་བཟང་དཀོན་མཆོག་དང་ཁོང་གི་ཚ་བོར་བཙན་བཤེད་བཏང་སྟེ་ནག་ཉེས་ངོས་ལེན་བྱེད་དུ་བཅུཌ་པའི་ཡིད་ཆེད་བྱེད་ཀྱི་ཡོད་། ང་ཚོས་བོད་ནང་རང་ལུས་མེར་བསྲེཌ་གཏོང་དགོས་པའི་བརྒྱུད་སྐུལ་བྱེད་ཀྱི་ཡོད་མེད་ཐད་རྒྱ་གཞུང་གིས་ཞིབ་འཇུག་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཅེས་ནན་བརྗོད་བྱས་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎