མཁན་པོ་མཁས་གྲུབ་ལགས་ལྷ་ས་ནས་འཇུ་བཟུང་བྱས་འདུག


2014.04.17
མཁན་པོ་མཁས་གྲུབ་ལགས་འཛིན་བཟུང་མ་བྱས་སྔོན་གྱི་པར། མཁན་པོ་མཁས་གྲུབ་ལགས་འཛིན་བཟུང་མ་བྱས་སྔོན་གྱི་པར།
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཀུན་བཟང་བསྟན་འཛིན།

རྒྱ་གཞུང་གིས་ཆབ་མདོ་འབོ་ཡག་དགོན་པའི་མཁན་པོ་མཁས་གྲུབ་ལགས་ལྷ་ས་ནས་འཇུ་བཟུང་བྱས་ནས་ད་ལྟ་ཆབ་མདོར་ཡོད་པ་རེད་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། ཟླ་འདིས་ཚེས་༡༣ཉིན་རྒྱ་གཞུང་གིས་ཆབ་མདོ་ཁུལ་ཆབ་མདོ་རྫོང་སྨན་མདའ་མཚོ་ཤོད་འབོད་ཡག་དགོན་པའི་མཁན་པོ་མཁས་གྲུབ་ལགས་ལྷ་སར་ཡོད་པའི་བོད་ལྗོངས་ནང་བསྟན་སློབ་གླིང་དུ་ཚོགས་འདུ་ཞིག་ཏུ་བཅར་སྐབས་གློ་བུར་འཛིན་བཟུང་བྱས་ཡོད་པ་དང་། རྒྱ་ནག་གི་ཉེན་རྟོག་པ་དང་ལས་བྱེད་མི་སྣས་མཁན་པོའི་གྲྭ་ཤག་སྔོག་གཤེར་བྱས་ཏེ་རྩིས་འཁོར་སོགས་ཀྱང་འཁྱེར་ཡོད་པ་མ་ཟད། འབྲེལ་ཡོད་ཚན་པས་ས་གནས་མང་ཚོགས་དང་དགོན་པའི་གྲྭ་བ་ཚོར་མཁན་པོ་བཙོན་ཁང་ནང་གདན་འདྲེན་གྱིས་རབ་གནས་བྱེད་འཇུག་གི་ཡོད་ཅེས་བཤད་ཡོད་པ་རེད་འདུག རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༢ལོའི་ཟླ་༡༡པ་ནས་བཟུང་མཁན་པོར་ལྟ་རྟོག་བྱས་ཡོད་པ་དང་། དེ་སྔོན་༢༠༡༣ ལོར་ཟླ་༡རིང་བཙོན་འཇུག་བཀག་ཉར་བྱས་མྱོང་ཡོད་པ་རེད།
ཡང་གསར་འགོད་པས་བོད་ནས་ཡི་གེ་ཞིག་འབྱོར་བའི་ནང་། རྒྱ་ནག་གཞུང་གིས་༢༠༡༢ ལོའི་ཟླ་༣ ཚེས་༡༢ ཉིན་བོད་རང་སྐྱོང་ལྗོངས་ཆབ་མདོ་ཁུལ་ཆབ་མདོ་རྫོང་སྨན་མདའ་མཚོ་ཤོད་དང་འབོད་ཡག་དགོན་པ་བཅས་སུ་སྤྱི་བདེ་ཉེན་རྟོག་པ་དང་ལས་བྱེད་མངགས་གཏོང་གིས། དེ་སྔོན་བོད་དོན་དང་འབྲེལ་བའི་ཡིག་ཆ་ཞིག་གཏོར་འགྲེམས་བྱས་པའི་ས་གནས་ཀྱི་མང་ཚོཊ་བསྡུ་སྐོང་གིས་༧གོང་ས་མཆོག་ལ་མཚན་དམོད་དང་། སྲིད་གཞུང་གིས་ས་གནས་བོད་མི་ཚོར་དབུལ་སྐྱོར་གྱི་སྒོར་མོ་མང་པོ་སྤྲོད་ཀྱི་ཡོད་ཚུལ། ས་གནས་མང་ཚོགས་སྲིད་གཞུང་ལ་དགའ་མོས་ཡོད་ཚུལ་སོགས་འཁོད་ཡོད་པའི་ཡི་གེ་ཞིག་ལ་བཙན་དབང་གིས་མཛུལ་ཐེལ་རྒྱག་བཅུག་ཡོད་ཚུལ་དང་། ༢༠༡༢ ལོའི་ཟླ་ ༣ ཚེས་ ༡༢ ཉིན་སྨན་མདའ་དགོན་པའི་དགེ་རྒན་འཇམ་དབྱངས་ཡེ་ཤེས་དང་། གྲྭ་སྒྲུབ་རྒྱུད་ཞུ་བ་གཉིས་ཀྱིས་ལོ་སར་ཚེས་ ༡ ཉིན་བོད་དོན་ཆེད་སྐུ་གཤེགས་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་བསྔོ་སྨོན་གནང་ཡོད་པའི་ཉེས་འཛུཊ་འོག་འཛིན་བཟུང་བྱས་ཡོད་པར་མ་ཟད། གྲྭ་བ་ཁོང་གཉིས་གྲྭ་ཤག་ལ་སྔོག་གཤེར་གྱིས་སྐུ་པར་དང་འོད་སྡེར་སོགས་འཁྱེར་ཡོད་པ་དང་། སྐབས་དེར་དགོན་པའི་གྲྭ་ཤག་ཚང་མ་སྔོག་གཤེར་བྱེད་སྐབས་གྲྭ་སྐལ་བཟང་ཚེ་རིང་ལགས་ཀྱིས་ཞལ་འདོན་དཔེ་ཆའི་སྟེང་༼བོད་རང་དབང་༽ ཞེས་བྲིས་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བཅས་བྱས་ཏེ། ཟླ་བ་ ༤ ཙམ་གྱི་རིང་ཁོང་ཚོར་གཅར་རྡུང་འདྲི་གཅོད་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲད་ཡོད་ཚུལ་དང་། དགུང་ལོ་ ༦༥ ཡིན་པའི་སྤྲུལ་སྐུ་འཕྲིན་ལས་རབ་བརྟན་ཞུ་བར་སྙུང་གཞི་ཕོཊ་མིན་ལ་མ་ལྟོས་པར། བཙན་གྱིས་ཚོགས་འདུར་ཞུགས་བཅུག་སྟབས། ལོ་དེའི་ཟླ་ ༡༡ ཚེས་ ༡༤ ཉིན་དགོངས་པ་རྫོགས་ཡོད་སྐོར་བཀོད་ཡོད་འདུག
གོང་གི་ཆབ་མདོ་སྨན་མདའ་དགོན་པའི་རང་ལོ་༤༠ ཡིན་པའི་མཁན་པོ་མཁས་གྲུབ་ལགས་ཡོངས་གྲགས་སུ་ཆབ་མདོ་མཁས་གྲུབ་ཞེས་འབོད་ཀྱི་ཡོད་འདུག
གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎