རྒྱལ་ཚོཊ་ཀྱི་སྐྱབས་བཅོལ་ལས་ཁུངས་ཀྱིས་བོད་མི་སྐྱབས་བཅོལ་བ་རྣམས་རྒྱ་གར་ལ་ཉེན་ཁ་མེད་པར་བསྐྱོད་རྒྱུའི་མཐུན་རྐྱེན་སྦྱོར་རྒྱུ་ཡིན་ཟེར།
དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁུངས་ཀྱི་ཆེས་མཐོའི་འགན་འཛིན་མཆོག་གིས། བོད་ནས་བལ་ཡུལ་བརྒྱུད་རྒྱ་གར་ལ་བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་བར་བསྐྱོད་མཁན་བོད་མི་སྐྱབས་བཅོལ་བ་རྣམས་བལ་ཡུལ་ནས་རྒྱ་གར་ལ་ཉེན་ཁ་མེད་པར་བསྐྱོད་རྒྱུའི་མཐུན་རྐྱེན་སྦྱོར་རྒྱུ་མ་ཟད། བོད་ནས་གསར་དུ་བྲོས་བྱོལ་ཕེབས་པའི་བོད་མི་རྣམས་བལ་ཡུལ་ནང་གནས་སྡོད་བྱེད་སྐབས་སྲུང་སྐྱོབ་དང་། ཕྱིའི་དངོས་པོའི་དགོས་མཁོ་ཁག་མཁོ་སྒྲུབ་བྱ་རྒྱུ་སོགས་གང་ལྟར་བལ་ཡུལ་དུ་སྡོད་རིང་བོད་མི་སྐྱབས་བཅོལ་བའི་དཀའ་ངལ་སེལ་ཐབས་བྱ་རྒྱུ་ཡིན་ལུགས་དེ་རིང་ཚེས༢༠རྒྱལ་སྤྱིའི་སྐྱབས་བཅོལ་ཉིན་མོ་སྲུང་བརྩི་སྐབས་གསར་འགོད་ལྷན་ཚོགས་ཤིག་ཐོག་གསུངས་འདུག མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁུངས་ཀྱི་ཆེས་མཐོའི་འགན་འཛིན་མཆོག་གིས་གོང་ཞུས་གཏམ་བཤད་གནང་བ་དེ་ནི་ཉེ་དུས་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོཌ་པས་Under China's Shadow: Mistreatment of Tibetan in Nepal ཞེས་རྒྱ་ནག་གི་གནོན་ཤུཊ་འོག་བལ་ཡུལ་ནང་ཡོད་པའི་བོད་མི་རྣམས་ལ་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་པའི་སྐོར་སྙན་ཐོ་འདོན་སྤེལ་གནང་བའི་རྗེས་ཡིན་པ་དང་། དེང་སྐབས་བལ་ཡུལ་ནང་བོད་མི་ཁྲི་གཉིས་ལྷག་ཙམ་ཡོད་པའི་ཚོད་དཔག་བྱེད་བཞིན་པ་རེད། དེ་སྔ་མཉམ་འབྲེལ་རྒྱལ་ཚོགས་དང་བལ་ཡུལ་གཞུང་གཉིས་ཀྱིས་བོད་ནས་བལ་ཡུལ་བརྒྱུད་རྒྱ་གར་ལ་བསྐྱོད་མཁན་སྐྱབས་བཅོལ་བོད་མི་རྣམས་ཉེན་ཁ་མེད་པར་འགྲོ་རུ་འཇུག་རྒྱུའི་ངག་ཐོག་གྲོས་མཐུན་ལ་མོས་མཐུན་བཀོད་པ་དེར་བལ་ཡུལ་གཞུང་གིས་དོན་ཐོག་དམ་འཛིན་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།
གསར་འགོད་པ་བསོད་ནམས་ལྷ་མོ།
རྒྱ་གར་ལ་ཉེན་ཁ་མེད་པར་བསྐྱོད་རྒྱུའི་མཐུན་རྐྱེན་སྦྱོར་རྒྱུ་ཡིན།
