༸གོང་ས་མཆོག་ནས་སི་ཊར་ཀི་ལས་བྱེད་རྣམས་ལ་བཀའ་སློབ།

༸གོང་ས་མཆོག་གིས་སི་ཊར་ཀི་་ཧེ་ཡ་རིང་་ཊེཀ་ནོ་ལོ་ཇིས་ཞེས་པའི་བཟོ་ལས་ཁང་གི་ལས་བྱེད་༢༠༠༠ཙམ་ལ་བླང་དོར་བཀའ་སློབ་བསྩལ་བ།

༸གོང་ས་མཆོག་བཞུགས་གནས་མགྲོན་ཁང་ནས་སི་ཊར་ཀི་དུ་གཟིགས་སྐོར་སླད་ཆིབས་བསྒྱུར་གནང་སྐབས།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་༢༢ཉིན་གཙོ་བོ་སི་ཊར་ཀི་་ཧེ་ཡ་རིང་་ཊེཀ་ནོ་ལོ་ཇིས་ Starkey Hearing Technologies ཞེས་པའི་བཟོ་ལས་ཁང་དུ་གཟིགས་སྐོར་དང་། བཟོ་ལས་ཁང་འདིའི་ལས་བྱེད་༢༠༠༠ཙམ་ལ་བླང་དོར་བཀའ་སློབ་བསྩལ་ཡོད་པ་རེད། བཀའ་སློབ་ཀྱི་ལས་རིམ་དེ་བཟོ་ལས་ཁང་འདིའི་ལས་བྱེད་ཁོ་ནར་དམིགས་པ་ཞིག་ཡིན་པར་བརྟེན། གསར་འགོད་པ་སུ་ཡང་བཅར་རྒྱུའི་གོ་སྐབས་གནང་མེད་པ་རེད། འོན་ཀྱང་བཟོ་ལས་ཁང་དེའི་སྦྱིན་བདག་ཝི་ལི་ཡམ་ཨོས་ཊན་ William Austin དང་ཁོང་གི་སྐུ་ཟླ་ཊེ་ནི་ཨོས་ཊན་ Tani Austin གཉིས་ལ་བཅར་འདྲི་ཞུས་སྐབས་༸གོང་ས་མཆོག་ནས་རྒྱུན་དུ་འགྲོ་བ་མིའི་རིགས་ལ་ཕན་པར་དགོངས་ནས་བཀའ་སློབ་གནང་གི་ཡོད་པ་དང་། ༸མགོན་པོ་གང་ཉིད་ཀྱི་དགོངས་གཞི་ལས་བྱེད་པ་ཡོངས་ནས་མཁྱེན་རྟོགས་ཆེད་བཀའ་སློབ་ཀྱི་ལས་རིམ་དེ་གོ་སྒྲིག་གནང་བ་ཞིག་ཡིན་སྐོར་སོགས་གསུངས་ཡོད་པ་རེད།

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org