༄༅༎རྒྱ་ནག་ཤིན་ཧ་གསར་འགྱུར་ལས་ཁང་གི་རྒྱལ་སྤྱིའི་དུས་སྐབས་དཔྱད་བརྗོད་སྤེལ་བའི་ནང་ ཨ་མི་རི་ཀས་དམག་དོན་གྱི་དམག་ཇུས་གཙོ་གནད་དེ། ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་སྤོ་འགྱུར་བྱས་པ་དེ་ནི། ཨ་མི་རི་ཀས་དམག་དོན་གྱི་དམག་ཇུས་སྤོ་འགྱུར་དེ་ནི་བདམས་ཀ་དེ་འདྲ་ཞིག་རྩ་བ་ནས་བྱེད་རྒྱུ་མེད་ཅེས་དོ་སྣང་དང་སྐྱོན་བརྗོད་ཀྱི་རྣམ་པ་བསྟན་པ་དང་། དམིགས་བསལ་ཆེད་རྩོམ་སྤེལ་བའི་ནང་ལའང་། ཨེ་ཤ་ཡའི་མངའ་ཁུལ་དེ་འཕེལ་རྒྱས་དང་མཉམ་ལས་ཀྱི་དུས་སྐབས་ཤིག་ལ་རེ་འདོད་བྱེད་ཀྱི་ཡོད། ཨ་རིས་དམག་དོན་གྱི་རྒྱབ་རྩ་བྱས་པ་ལ་བརྟེན་ནས་ཨེ་ཤ་ཡའི་ཁུལ་དུ་འཛུལ་ཞུགས་བྱས་པ་ཡིན་ན་ཛ་དྲག་གི་རྣམ་པ་བཟོ་རྒྱུ་དང་ས་ཁུལ་དེའི་ཐོག་དྲག་ཤུགས་ཀྱི་སེམས་ངལ་ཆཌ་གཞི་ཞིག་ཡིན་པས་དེས་མི་བདེ་བ་ཆེན་པ་ཆཌ་ཀྱི་ཡོད་ཅེས་བཀོད་ཡོད་པ་དང༌། ལྷག་པར་དུ་་རྒྱ་ནག་གི་རྒྱལ་སྲུང་སློབ་གྲ་ཆེན་མོའི་ཞིབ་འཇུག་པ་ མཚོ་དམག་དམག་དཔོན་ཡའང་དབྱི་ཡིས་ཆེད་རྩོམ་སྤེལ་བའི་ནང་། ཨའོ་བ་མའ་གཞུང་གིས་དམག་དོན་དམག་ཇུས་གསར་པ་དེ་ནི། རྒྱ་ནག་དང་ཨི་རན་ལ་ཁ་གཏད་ཡོད་པ་དང་། ཨ་རིས་ཨེ་ཤ་ཡའི་མངའ་ཁུལ་དུ་རྙོག་དྲ་བཟོ་རྩིས་བྱེད་ཀྱི་ཡོད་པ་རེད་ཅེས་རྒྱ་ནག་མི་དམངས་ཉིན་རེའི་ཚཌ་པར་གྱི་ཕྱི་ཕྱོགས་པར་འགྲེམས་ཐོག་བཀོད་སྤེལ་བྱས་ཡོད་པ་རེད། འོན་ཀྱང་ ད་ལམ་ ཨ་མི་རི་ཀས་དམག་དོན་གྱི་གཙོ་གནད་ལེགས་སྒྲིག་བྱེད་པ་དེ་རྒྱ་ནག་རང་ལ་དམིགས་པ་ཞིག་མ་ཡིན་པར་སྲིད་འཛིན་ཨའོ་བ་མའེས་ དཔལ་འབྱོར་ཐོག་དཀའ་གནད་བྱུང་བའི་འོག་དམག་དོན་ཐོག་ཚད་བརྒལ་སྟོབས་ཆེན་ཡིན་པའི་གོ་གནས་དེ་སྲུང་འཛིན་བྱེད་པའི་ཆེད་དུ་དམག་ཇུས་ཀྱི་བདམས་ཀ་ཞིག་ཡིན་པ་རེད་ཅེས། རྒྱ་ནག་གི་ཐོག་དབྱེ་ཞིབ་མཁས་ཅན་གྱིས་ངོས་འཛིན་བྱས་ལུགས་བི་བི་སིའི་གསར་འགྱུར་བརྒྱུད་ལམ་གྱིས་ལུང་འདྲེན་བྱས་འདུག།