དབྱིན་ཇི་གཞུང་གིས་བོད་དོན་ཐད་སྤྱི་བསྒྲགས་སྤེལ་འདུག

དབྱིན་ཇིའི་གཞུང་གིས་བོད་དོན་ལ་ཐུགས་འཚབ་ཆེན་པོས་བོད་མི་མང་གི་དཀའ་སྡུག་སེལ་ཐབས་སུ་རྒྱ་ནག་གཞུང་གིས་དོན་ཕན་ལྡན་པའི་བོད་རྒྱ་གྲོས་མོལ་བསྐྱར་གསོ་དགོས་པའི་སྐུལ་མ་གནང་འདུག

2012.12.19

དེ་ཡང་གནས་ཚུལ་ལྟར་ན། ཕྱི་ཚེས་༡༨ཉིན་དབྱིན་ཡུལ་ཕྱི་འབྲེལ་ལས་ཁུངས་ཀྱི་བློན་ཆེན་Hogo Swire མཆོག་གིས་ཡོ་རོབ་མཐུན་ཚོཌ་ཀྱི་བདེ་འཇཌ་དང་ཕྱི་འབྲེལ་ལས་དོན་ཁང་གི་འགན་འཛིན་ལྕམ་Catherine Ashton མཆོག་ནས་བོད་ནང་གི་གནས་སྟངས་སྐོར་སྤྱི་བསྒྲཌ་སྤེལ་གནང་བ་དེར་རྒྱབ་སྐྱོར་ཆ་ཚང་ཞུ་ཡི་ཡོད་པ་དང་། བོད་མི་མང་པོས་བོད་དོན་ཆེད་རང་ལུས་མེར་བསྲེཌ་གཏོང་བཞིན་པ་ཐེ་བའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སེམས་འཚབ་ཧ་ཆང་ཆེན་པོ་འདུག་ཅེས་དང་། ཡང་ཁོང་གིས་རྒྱ་གཞུང་གི་དཔོན་རིགས་ཚོས་བོད་ནང་དྲག་གནོན་བྱ་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་བ་དང་སྦྲཌ་ལྕམ་Ashton མཆོག་ནས་བོད་ནང་གི་བོད་མི་རྣམས་ཀྱིས་རང་ལུས་མེར་བསྲེཌ་སོཌ་ཀྱི་ཐལ་ཆ་ཆེ་བའི་ངོ་རྒོལ་ལས་འགུལ་རིགས་ལ་མ་བསྟེན་རོགས་ཅེས་འབོད་སྐུལ་ཞུས་པ་དང་། ས་གནས་ཀྱི་དཔོན་རིགས་ཁག་དང་ཆོས་ཕྱོཌ་ཀྱི་དབུ་ཁྲིད་རྣམས་ཀྱིས་རང་རང་སོ་སོའི་ནུས་ཤུཌ་བེད་སྤྱོད་གནང་སྟེ་རང་ལུས་མེར་བསྲེཌ་སོཌ་ཡ་ང་བའི་ལས་འགུལ་མཚམས་འཇོག་ཡོང་ཐབས་གནང་དགོས་པའི་འབོད་སྐུལ་ཞུས་པ་མ་ཟད་། དབྱིན་ཇིའི་གཞུང་གི་ངོས་ནས་བོད་མིའི་དཀའ་སྡུག་ཁག་སེལ་ཐབས་སུ་བོད་རྒྱ་གཉིས་བར་དོན་ཕན་ལྡན་པའི་གྲོས་མོལ་བསྐྱར་གསོ་གནང་དགོས་པའི་འབོད་སྐུལ་ཤུཌ་ཆེ་གནང་གི་ཡོད་ཅེས་གསུངས་འདུག དབྱིན་ཇིའི་ཕྱི་སྲིད་ལས་ཁང་གི་བློན་ཆེན་Hogo Swire མཆོག་གིས་བོད་རང་སྐྱོང་ལྗོངས་ཟེར་བ་དང་དེའི་ཕྱི་ཕྱོཌ་སུ་ཡོད་པའི་བོད་ཀྱི་ས་གནས་ཁག་ལ་ཕྱི་འབྲེལ་མི་སྣ་དང་། རྒྱལ་སྤྱིའི་གསར་འགོད་པ་གཙོས་པའི་ཕྱི་མི་ལ་དམ་བསྒྲཌ་མེད་པར་འགྲོ་བསྐྱོད་བྱེད་འཇུག་དགོས་པའི་འབོད་སྐུལ་ཡང་བྱས་འདུག དབྱིན་ཇིའི་གཞུང་གིས་བོད་ཀྱི་གནད་དོན་དེ་ཕུགས་རྒྱང་རིང་པོའི་སྒོ་ནས་སེལ་ཐབས་ཆེད་གཙོ་བོ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ ལ་བརྩི་བཀུར་དང་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་སྤྲོད་དགོས་སྐོར་སྤྱི་བསྒྲཌ་སྤེལ་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎