སྤྱི་འཐུས་གྲོས་ཚོཊ་ནང་བདེ་སྲུང་ལས་ཁུངས་ཀྱི་ལས་སྡོམ་དང་འབྲེལ་བགྲོ་གླེང་གནང་འདུག

བདེ་སྲུང་ལས་ཁུངས་ཀྱི་འགན་ཆེ་ཤོས་ནི་༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭའི་སྐོར་ཡིན་པ་དང་སྐུ་སྲུང་ཚོ་ལ་སྦྱོང་བརྡར་ཚད་དང་ལྡན་པ་སྤྲད་ཡོད་ཅེས་བདེ་སྲུང་བཀའ་བློན་མཆོག་གིས་གྲོས་ཚོགས་ནང་གསུངས་འདུག

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཚོགས་རྭ། ༢༠༡༩།༩།༢༧ TTV

བདེ་སྲུང་ལས་ཁུངས་ཀྱི་འགན་ཆེ་ཤོས་ནི་༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭའི་སྐོར་ཡིན་པ་དང་སྐུ་སྲུང་ཚོ་ལ་སྦྱོང་བརྡར་ཚད་དང་ལྡན་པ་སྤྲད་ཡོད་ཅེས་བདེ་སྲུང་བཀའ་བློན་མཆོག་གིས་གྲོས་ཚོགས་ནང་གསུངས་འདུག
འཚོགས་བཞིན་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ནང་། སྤྱི་ཟླ་༩་པའི་ཚེས་༢༧་ཉིན་བདེ་སྲུང་ལས་ཁུངས་ཀྱི་ལས་བསྡོམས་སྙིང་བསྡུས་དང་རྒྱས་པ་ལ་ཞིབ་འཇུག་གི་སྙན་ཐོའི་ཐོག་བགྲོ་གླེང་སྐབས། མདོ་སྨད་སྤྱི་འཐུས་རྒྱ་རིགས་ཐར་ལགས་ཀྱིས། ཕྱིའི་བརྒྱུད་ལམ་ཁག་དང་ལྷག་པར་རྒྱ་མི་རེ་ཟུང་གིས་༧སྐུ་མདུན་གྱི་སྐུ་ཕྱྭའི་སྐོར་ཉན་མི་བདེ་བའི་སྐད་ཆ་ཐོན་ཡོང་དུས་སྐུ་སྲུང་ཚོར་སྦྱོང་བརྡར་འཕར་མ་སྤྲོད་གལ་ཆེ་བ་གསལ་འདེབས་གནང་གི་འདུག་ཅིང་། དེ་ལ་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་གིས། བདེ་སྲུང་ལས་ཁུངས་ཀྱི་འགན་ཆེ་ཤོས་ནི་༧རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭའི་སྐོར་ཡིན་པ་དང་། སྐུ་སྲུང་ཚོ་ལ་སྦྱོང་བརྡར་ཚད་དང་ལྡན་པ་ཕུལ་ཡོད་ལུགས་ལན་འདེབས་གནང་འདུག
ཡང་བདེ་སྲུང་ལས་ཁུངས་ཀྱི་ལས་བསྡོམས་འགྲོ་བཞིན་པའི་ལས་རིམ་དུ། མདོ་སྟོད་སྤྱི་འཐུས་པདྨ་བདེ་ལེགས་ལགས་ཀྱིས། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྐུ་ཕྱྭ་ཉེན་སྲུང་གི་ཐོག་ལའང་བདེ་སྲུང་གིས་ཐུགས་འགན་བཞེས་གལ་ཆེ་བ་གསལ་འདེབས་གནང་གི་འདུག་ཅིང་། དེ་ལ་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་གིས། སྲིད་སྐྱོང་གི་བདེ་སྲུང་ཐད་བདེ་སྲུང་ལས་ཁུངས་ཀྱིས་མི་གཉིས་དང་། རྒྱ་གར་གཞུང་གིས་ཀྱང་མི་བཏང་སྟེ་མཐུན་འགྱུར་ཡག་པོ་གནང་གི་ཡོད་པ་ལན་འདེབས་གནང་སོང་།
བདེ་སྲུང་ལས་ཁུངས་ཀྱི་ལས་བསྡོམས་ཐོག་ད་དུང་ཆབ་སྲིད་བཙོན་མ་འབྲེལ་ཡོད་འབྲེལ་ཆགས་མང་པོ་ཨོ་གླིང་དུ་གཏོང་བཞིན་པ་དེ། ལོ་གཞོན་དང་། ཉམས་ཐག་རིགས་གཏོང་དགོས་པ་སོགས། སྤྱི་འཐུས་རྣམ་པས་དགོངས་ཚུལ་སྣ་ཚོགས་གསུངས་ཡོད་ཅིང་། དེ་ལ་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་གིས། བཀའ་ཤག་གི་ཐག་གཅོད་དུ་ཆ་རྐྱེན་གང་འཚམ་ཡོད་པའི་ཐོག་ནས། ཉམས་ཐག་གི་ནང་ནས་ཨོ་གླིང་དུ་འགྲོ་རྒྱུ་ཐག་བཅད་ཚར་རེད་ཅེས་གསལ་བཤད་གནང་གི་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org