འཛམ་གླིང་ཡོངས་སུ་གདུང་སེམས་མཉམ་བསྐྱེད།

བོད་ནང་མྱོང་བཞིན་པའི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཉིན་རྒྱ་དུས་གཅིག་གི་ལས་འགུལ།

2012.02.09
བོད་ནང་མྱོང་བཞིན་པའི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཉིན་རྒྱ་དུས་གཅིག་གི་ལས་འགུལ།
ཝི་ཡ་ན་བོད་ཚོགས།

༄༅༎ཕྱི་ཟླ་༢ཚེས་༨རེས་གཟའ་ལྷག་པ་སྟེ་ལྷག་དཀར་གྱི་ཉིན་མོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་རེ་སྐུལ་གནང་བ་བཞིན་བཞུགས་སྒར་གཙོས་འཛམ་གླིང་གི་ས་ཕྱོགས་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་བོད་ནང་བོད་དོན་ཆེད་འདས་གྲོངས་སུ་གྱུར་བ་རྣམས་དང༌།ད་ལྟ་རྒྱ་གཞུང་གི་དྲག་གནོན་གྱི་སྲིད་ཇུས་འོག་སྡུག་སྦྱོང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་ཉིན་རྒྱ་དུས་གཅིག་དུ་མཆོད་འབུལ་སྨོན་ལམ་འདོན་པ་དང༌།རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་ཁག་ཅིག་ནས་བཏང་བའི་གནས་ཚུལ་ལ་གསན་རོགས༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎