ལོ་གསར་ལ་མི་རོལ།
2010.02.09

༄༅༎ཕྱི་ལོ་ཉིས་སྟོང་བརྒྱད་ཟླ་བ་གསུམ་པའི་ཚེས་བཅུ་ནས་བཟུང་བོད་ས་ཡོངས་སུ་བོད་མིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་རྒྱ་ནག་གཞུང་གི་དྲག་གནོན་འོག་བོད་མི་མང་པོ་རྐྱེན་ལམ་དུ་བཏང་བ་དང་བོད་མི་བརྒྱ་ཕྲག་མང་པོ་འཛིན་བཟུང་བཙོན་འཇུག་དང་མནར་གཅོད་འོག་རྨས་སྐྱོན་ཕོག་པ་དང༌།དེ་བཞིན་བོད་ས་ཡོངས་སུ་རྒྱ་གཞུང་གི་བོད་མིའི་ཐོག་དྲག་གནོན་མུ་མཐུད་ལག་བསྟར་བྱེད་བཞིན་པར་བརྟེན་བཙན་བྱོལ་བོད་གཞུང་བཀའ་ཤག་ནས་ཉེ་ཆར་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་ལོའི་ལོ་གསར་མི་གཏོང་བའི་བརྡ་ཁྱབ་ཅིག་གཏང་ཡོད་པ་རེད།དེ་དང་ཕྱོགས་མཚུངས་རྡ་ས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཀྱང་འདི་ལོའི་ལོ་གསར་དེ་མྱ་ངན་གྱི་རྣམ་པས་སྲུང་བརྩི་བྱ་རྒྱུ་ཡིན་པའི་གསར་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བ་ཞིག་གསན་རོགས༎