༸གོང་ས་མཆོག་ལ་ཧཱར་ལྦརཌ་མཐོ་སློབ་ཀྱི་ཆེ་བསྟོད།
2009.05.01

ཨེ་ཨེཕ་པི།
༄༅༎ཕྱི་ལོ་ཉིས་སྟོང་དགུ་ཟླ་བ་བཞི་པའི་ཚེས་གསུམ་བཅུ་རེས་གཟའ་ཕུར་བུའི་ཉིན་ཨ་རིའི་བྱང་ཤར་གྲོང་ཁྱེར་སྦོས྄་ཊོན་ནང་ཡོད་པའི་སྙན་གྲགས་ཅན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཧཱར་ཝར྄ཌ་དང་ཨེམ་ཨཡི་ཊི་ནང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དགེ་སློབ་མཁས་དབང་ཚོར་བཀའ་སློབ་གསུང་བཤད་བསྩལ་ཡོད་པ་དང་།དེ་བཞིན་ཧཱར་ཝར྄ཌ་སློབ་གཉེར་ཁང་ནས་༸གོང་ས་མཆོག་ལ་ཆེ་བསྟོད་ཕྱག་འཁྱེར་ཕུལ་བ་དང་༸གོང་ས་མཆོག་གི་བཟང་སྤྱོད་བསྟི་གནས་ཁང་ཞེས་པ་ཞིག་དབུ་འབྱེད་མཛད་སྒོའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཆེད་གཏོང་གསར་འགོད་པ་ལྷུ་གྲུབ་ཚེ་རིང་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎