བོད་ནང་སྡུག་སྦྱོང་མནར་གཅོད་ཐོག་གི་བགྲོ་གླེང༌།

མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་ནག་གིས་བོད་ནང་སྡུག་སྦྱོང་མནར་གཅོད་གཏོང་བའི་བྱ་སྤྱོད་ལ་རྒྱལ་སྤྱིའི་མཁས་དབང་ཚོས་བགྲོ་གླེང་གནང་བ།

2008.11.12
བོད་ནང་སྡུག་སྦྱོང་མནར་གཅོད་ཐོག་གི་བགྲོ་གླེང༌། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་གནང་བཞིན་པ།
ཨེ་ཨེཕ་པི།

༄༅༎ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་བརྒྱད་ལོར་རྒྱ་ནག་གཞུང་ནས་འཛམ་གླིང་མཉམ་འབྲེལ་ཚོགས་ཀྱི་སྡུག་སྦྱོང་མནར་གཅོད་འགོག་ཐབས་ཀྱི་ཆིངས་ཡིག་ལ་ས་རྟགས་བརྒྱབ་སྟེ་བོད་གཙོས་རྒྱ་ནག་གི་མི་མང་ལ་སྡུག་སྦྱོང་མནར་གཅོད་མཚམས་འཇོག་བྱ་རྒྱའི་ཁས་ལེན་བྱས་ཡོད་ཀྱང་འདི་ལོའི་བོད་ནང་བོད་མིས་རྒྱ་ནག་གཞུང་ལ་ཞི་བའི་གྱེན་ལངས་ལ་དྲག་གནོན་དང་སྡུག་སྦྱོང་བྱས་པར་བརྟེན་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་རྟེན་གཞི་བྱེད་པའི་འཛམ་གླིང་མཉམ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་མཁས་དབང་ཁག་ནས་བགྲོ་གླེང་ཤུགས་བྱུང་ཡོད་པའི་སྐོར་གཡུ་སྒྲོན་ལགས་ནས་སུད་སི་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་ནང་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་བསྟན་འཛིན་བརྩོན་འགྲུས་ལགས་སུ་གནས་འདྲི་ཞུས་པར་གསན་རོགས་གནང༌༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎