ཨ་རིའི་རྒྱལ་ས་མངའ་ཁུལ་དུ་གདུང་སེམས་མཉམ་བསྐྱེད།
2012.12.03
༄༅༎ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡་ནས་བཟུང་ཉིན་གྲངས་གཉིས་རིང༌། ༧དཔལ་འབྲི་གུང་བཀའ་བརྒྱུད་བསྟན་པའི་གསལ་བྱེད་མགར་ཆེན་ཁྲི་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག། དེ་གའི་འབྲི་གུང་སུ་རི་ཡ་ཆོས་ཚོགས་ཀྱི་སར་སངས་རྒྱས་འོད་དཔག་མེད་ཀྱི་མཇལ་སྣང་དབང་ལུང་དང་འཕོ་བ་སོགས་བཀྲིན་བསྩལ་བ་དང་། དེ་བཞིན་འོད་དཔག་མེད་ཀྱི་སྔགས་དུང་ཕྱུར་གཅིག་གསོག་སྒྲུབ་གནང་བ་དང་ཕྱོགས་མཚུངས་ད་ཕན་ཉེ་བའི་ཆར་བོད་ནང་བོད་མིའི་རང་དབང་ཐོབ་ཐང་བརྩོན་ལེན་དང་རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་འོག་རང་སྲོག་མེར་བསྲེགས་བཞུ་འབུལ་གནང་མཁན་འདས་པོ་ཚོའི་ཆེད་དང་། དེ་བཞིན་ཨ་མི་རི་ཁའི་ཁུལ་གྱི། བྷི་ཌེ་ནམ་མི་རིགས་གཙོ་བོར་འགྱུར་བའི་ཨེ་ཤེ་ཡའི་མི་རིགས་སོགས་ཀྱི་ནང་མི་ཚེ་འདས་སུ་གྱུར་བ་བཅས་ཀྱི་ཆེད་དུ་བྱང་མཆོག་གི་བསྔོ་བའི་སྨོན་ལམ་ཞལ་འདོན་རྒྱས་པར་གནང་སོང་༎
༧དཔལ་འབྲི་གུང་བཀའ་བརྒྱུད་བསྟན་པའི་བྱེད་མགར་ཆེན་ཁྲི་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་གདུང་སེམས་མཉམ་བསྐྱེད།