ལྦུན་ཅ་པའོ་ལ་ངོ་རྒོལ།

དབྱིན་ཇིའི་སློབ་ཕྲུག་ཅིག་གིས་རྒྱ་ནག་གི་སྲིད་བློན་ལ་ལྷམ་གཡུག་ནས་ངོ་རྒོལ་བྱས་པ།

2009.02.03
ལྦུན་ཅ་པའོ་ལ་ངོ་རྒོལ། དབྱིན་ཇིའི་སློབ་ཕྲུག་ཅིག་གིས་རྒྱ་ནག་གི་སྲིད་བློན་ལ་ལྷམ་གཡུག་ནས་ངོ་རྒོལ་བྱས་པའི་འདྲ་པར།
ཨེ་ཨེཕ་པི།

༄༅༎ཐེངས་འདིའི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་གྱི་ནང་དུ་དབྱིན་ཇིའི་སྲིད་བློན་མཆོག་གིས་རྒྱ་ནག་གི་སྲིད་བློན་མཇལ་འཕྲད་གནང་བའི་སྐབས་བོད་རྒྱ་འབྲེལ་མོལ་བྱ་དགོས་པའི་འབོད་སྐུལ་གནང་བ་དང་དེ་བཞིན་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་ནས་ཁེམ་བརིཇ་མཐོ་སློབ་ནང་གསུང་བཤད་གནང་བའི་སྐབས་མི་ཞིག་གིས་ལྷམ་གཡུག་ནས་ངོ་རྒོལ་བྱས་པའི་གནས་ཚུལ་སྐོར་གཡུ་སྒྲོན་ལགས་ཀྱིས་དབྱིན་ཡུལ་བོད་གཞུང་སྐུ་ཚབ་དོན་གཅོད་ཚེ་རིང་བཀྲ་ཤིས་ལགས་དང་དབྱིན་ཡུལ་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་བསྟན་འཛིན་འཇིགས་བྲལ་ལགས་སུ་བཀའ་འདྲི་ཞུས་པར་གསན་རོགས་ཞུ༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎