འབྲུག་རྒྱལ་ཁྲི་འདོན།

རྒྱལ་སྲས་འཇིགས་མེད་གེ་སར་དབང་ཕྱུག་མཆོག་འབྲུག་གི་རྒྱལ་པོར་ཁྲི་འདོན་གནང་བའི་གནས་ཚུལ།

2008.11.06
འབྲུག་རྒྱལ་ཁྲི་འདོན། རྒྱལ་སྲས་འཇིགས་མེད་གེ་སར་དབང་ཕྱུག་མཆོག་འབྲུག་གི་རྒྱལ་པོར་ཁྲི་འདོན་གནང་བཞིན་པའི་སྐུ་པར།
ཨེ་ཨེཕ་པི།

གསར་འགྱུར་ལ་གསན།

༄༅༎ཕྱི་ལོ་ཉིས་སྟོང་བརྒྱད་ཟླ་བ་བཅུ་གཅིག་ཚེས་དྲུག་རེས་གཟའ་ཕུར་བུའི་ཉིན་འབྲུག་པའི་རྒྱལ་སྲས་བགྲེས་ཤོས་འཇིགས་མེད་གེ་སར་དབང་ཕྱུག་མཆོག་འབྲུག་རྒྱལ་པོར་ཁྲི་འདོན་གནང་ཡོད་པ་རེད། དགུང་ལོ་ཉེར་བརྒྱད་པ་ཕེབས་པའི་རྒྱལ་སྲས་མཆོག་འཛམ་གླིང་ནང་རྒྱལ་པོ་སྐུ་ན་ཕྲ་ཤོས་དེ་ཆགས་ཡོད་ཅིང་ཧི་མ་ལ་ཡའི་རི་བརྒྱུད་དུ་ཆགས་པའི་འབྲུག་རྒྱལ་ཁབ་ནི་བོད་དང་ས་སྦྲེལ་ཡིན་ཞིང་མི་འབོར་འབུམ་དྲུག་ལྷག་ཙམ་ཡོད་པ་རེད། འདི་ལོ་ཟླ་བ་གསུམ་པའི་ནང་འབྲུག་ནང་གི་གྲོས་ཚོགས་འཐུས་མི་དང་སྲིད་བློན་འོས་འདེམས་གནང་སྟེ་མང་དམངས་གཙོའི་བཅོས་བསྒྱུར་རྒྱ་ཆེ་བཏང་ཡོད་ཀྱང་འབྲུག་པ་ཚང་མས་འབྲུག་རྒྱལ་མཆོག་ལ་ཡིད་ཆེས་དང་བློ་གཏད་ཆེན་པོ་ཞུ་ཡི་ཡོད་པ་རེད། འབྲུག་ཡུལ་ནང་ཕྱི་ལོ་ ༡༩༩༩  ལོ་བར་བརྙན་འཕྲིན་བརྒྱུད་ལམ་མེད་པའི་རྗེས་ལུས་ཀྱི་རྣམ་པ་ཡོད་ཀྱང་འབྲུག་རྒྱལ་ཁབ་དེའི་ནང་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འཛམ་གླིང་ནང་མཐོ་ཤོས་ཡིན་ལུགས་དྲིལ་བསྒྲགས་རྒྱ་ཆེ་བྱེད་བཞིན་པ་རེད།  འབྲུག་གཞུང་གིས་གཙིགས་ཆེར་འཛིན་བའི་ཀ་ཆེན་བཞིན་ནི་གཞུང་སྐྱོང་ལེགས་ལྡན་དང་རང་བཞིན་གནས་སྟངས་དང་དཔལ་འབྱོར་འདྲ་མཉམ་དང་རིག་གཞུང་གཅེས་འཛིན་བཅས་ཡིན་པ་རེད། དེ་སྔ་བལ་པོའི་མི་རིགས་ཆིག་འབུམ་སྐོར་འབྲུག་ནས་ཕྱིར་འབུད་བཏང་ནས་ལོ་ངོ་བཅུ་ཕྲག་ལྷག་རིང་དཀའ་རྙོག་བྱུང་ཡོད་ཀྱང་ད་ཆ་བལ་པོ་དེ་རིགས་མང་ཆེ་བ་ཨ་རི་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་གི་ནང་གཞིས་སྤོ་བྱས་དང་བྱེད་གཞིན་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎