སྤྱི་འཐུས་ཟླ་བ་ཚེ་རིང་།
2011.09.28

བཙན་བྱོལ་བོད་མིའི་སྒྲིག་འཛུགས།
༄༅༎ཕྱི་ཟླ་༩ཚེས་༢༨རེས་གཟའ་ལྷག་པའི་ཉིན་སྐབས་༡༥པའི་མདོ་སྨད་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་གྲོས་ཚོགས་ཚོགས་དུས་གཉིས་པར་ཚོགས་ཕེབས་སྐབས་གློ་བུར་བསྙུན་མནར་གྱིས་ཅན་དྷི་སྒར་དུ་སྨན་གཏུགས་ཀྱིས་གཤག་བཅོས་བྱས་ཀྱང་། ཕན་བསྐྱེད་མ་བྱུང་བར་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༨ ཉིན་རྒྱབ་ཆུ་ཚོད་ ༣།༢༠ ཐོག་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་དེ་ནི།སྤྱི་འཐུས་ལྷན་ཚོགས་ལ་གྱོང་གུན་ཆེན་པོ་ཞིག་ཡིན་པར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ངོས་འཛིན་གནང་འདུག དམ་པ་དེ་ཉིད་ཀྱི་ལོ་རྒྱུས་སྙིང་བསྡུས་ཤིག་རིག་ལྡན་སྒྲོལ་མ་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པར་གསན་རོགས༎