ཨ་གྲགས་སྐལ་རྒྱམ་ལོ་ལྔའི་རིང་བཙོན་འཇུག་བྱས་པ།

རྒྱ་ནག་གཞུང་གིས་ཨ་གྲགས་སྐལ་རྒྱམ་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་ལ་ཀུན་སློང་བྱས་པའི་ནག་ཉེས་འོག་ལོ་ལྔའི་རིང་བཙོན་འཇུག་བྱས་འདུག

0:00 / 0:00

གསར་འགྱུར་ལ་གསན་རོགས་གནང་།

༄༅༎ཁམས་ལི་ཐང་ཁུལ་དུ་རུང་རྒྱལ་ཨ་གྲགས་ལགས་ཀྱིས་ཚ་བོ་ཨ་གྲགས་སྐལ་རྒྱམ་ལགས་སུ་ས་གནས་མི་མང་ཁྲིམས་ཁང་ནས་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་ཀུན་སློང་བྱས་པའི་ནག་ཉེས་འོག་ལོ་ལྔའི་རིང་བཙོན་འཇུག་གི་ཉེས་ཁྲིམས་བཀལ་བའི་གནད་དོན་སྐོར་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང༌༎