འགྲོ་བ་མིའི་ཐོབ་ཐང་ཐོག་གླེང་བ།
2011.04.26

ཨེ་ཨེཕ་པི།
༄༅༎ཕྱི་ཟླ་༤ཚེས་༢༦རེས་གཟའ་མིག་དམར་གྱི་ཉིན་རྒྱ་ནག་ཏུ་འཚམས་འདྲི་གནང་བཞིན་པ་ཨོ་སི་ཊརེ་ལི་ཡའི་སྲིད་བློན་ལྕམ་ Julia Gillard གྱིས་ ཁོང་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་རྒྱ་ནག་གི་སྲིད་བློན་ཝེན་ཇིཡ་བའོ་དང་ལྷན་དུ་བཀའ་བསྡུར་བྱུང་ལུགས་གསར་འགོད་པར་གསུངས་འདུག
ཨོ་སི་ཊརེ་ལི་ཡའི་སྲིད་བློན་གྱིས་ངས་རྒྱ་ནག་གི་སྲིད་བློན་ལ་རྒྱ་ནག་གི་ངོས་ནས་གྲངས་ཉུང་མི་རིགས་ཚོའི་ཐོག་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་དང་ཆོས་དད་རང་དབང་གི་གནད་དོན་དེ་བཞིན་ཉེ་བའི་ཆར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོའི་ཐོག་དྲག་གནོན་བྱེད་བཞིན་པའི་གནད་དོན་ཁག་གི་ཐོག་ཨོ་སི་ཊརེ་ལི་ཡའི་གཞུང་ནས་ཐུགས་ཚབས་གནང་གི་ཡོད་པ་གསལ་པོར་ཞུས་པ་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག།