གཅའ་ཞང་དུ་རང་ལུས་མེར་བསྲེག།
2012.03.05

ཨེ་ཨེཕ་པི།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་པ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༥ ཉིན་གནས་ཚུལ་སྤེལ་བར་གཞིགས་ན།
ཕྱི་ལོ ༢༠༡༢ ཟླ ༣ ཚེས ༥ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚོད ༦།༣༠ ཙམ་ལ།
རྔ་པ་རྫོང་གཅའ་ཞང་གཅའ་རུ་བའི་གཤོག་སྨད་མའི་མགར་སྐྱ་ཚང་གི་བུ་རྡོ་རྗེ།
རང་ ལོ ༡༨ ། ཕ་མིང་ལ་ཅཱ་ཅཱ་ཡིན་པ་ཁོང་གིས་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་གིས་བོད་ཐོག་ འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་གཅའ་ཞང་ཐོག་དང་ཐག་ཉེ་བའི་ ཟམ་ཁ་ཞིག་ནས་གཅའ་ཞང་ཐོག་གི་རྒྱ་མིའི་ལས་ཁུངས་ཡོད་ས་པར་གོམས་བགྲོད་གནང་ཡོད་ འདུག
གནས་ཚུལ་འགྲེལ་བརྗོད་པས་བཤད་ན་པ་ལྟར་ན་དུས་ཐོག་ལ་ཉེན་རྟོག་པ་དང་ དྲག་ཆས་ཉེན་རྟོག་པ་སོགས་བསླེབས་མེད་པ་དང་མེས་ཤུགས་ཆེན་པོ་ཚིགས་ཏེ་སྐབས་ཐོག་ དེར་སྐུ་གྲོངས་ཡོད་ཅིང་།
བོད་མི་རྣམས་ཀྱིས་ཕུང་པོ་ཁྱེར་བརྩིས་བྱས་སྐབས་ཉེན་རྟོག་པ་སོགས་བསླེབས་ཏེ་ཕུང་པོ་བཙན་འཕྲོག་གིས་རྔ་པ་རྫོང་ཐོག་ཏུ་འཁྱེར་ཡོད་འདུག
གཅའ་ཞང་ནི་རྔ་པ་རྫོང་ཐོག་ནས་ཤར་ཕྱོགས་སུ་སྤྱི་ལེ་ ༧༠
ཙམ་གྱི་སར་ཡོད་པ་དང་།
དེང་སྐབས་རྒྱ་ནག་གིས་ས་བགོས་བྱེད་སྟངས་ལྟར་ན་འབྲོག་སྡེ་གཅའ་རུ་བ་དང་།
རྭ་རུ་བ། ནག་ཚང་མ་བཅས་ཀྱི་ཞང་ཡིན་འདུག་པ་བཅས།།
འདི་གའི་གསར་འགོད་པ་རིག་ལྡན་སྒྲོལ་མ་ལགས་ཀྱིས་ཀ་ཉག་ཚེ་རིང་ལགས་སུ་ཞིབ་ཕྲའི་གནས་ཚུལ་བཅའ་འདྲི་ཞུས་པར་གསན་རོགས༎