ལོ་གཅིག་རིང་བོད་རང་བཙན་གྱི་ཆེད་དུ་ཞི་བའི་ངོ་རྒོལ།
2023.06.12
ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབ་པའི་གླེང་བྱ་ནི། སྐུ་ཞབས་ཐུབ་བསྟན་ཆོས་ཉིད་ལགས་ཀྱིས་ད་ལོའི་གསུམ་བཅུ་དུས་དྲན་གྱི་ཉིན་མོ་ནས་ཨ་རིའི་ཧྥེ་ལེ་ཌེ་ཧྥེ་ཡ་གྲོང་ཁྱེར་དུ་ཡོད་པའི་རང་བཙན་ཚོགས་ཆེན་གྱི་མདུན་དུ་ལོ་གཅིག་རིང་བོད་རང་བཙན་གྱི་ཆེད་དུ་ཞི་བའི་ངོ་རྒོལ་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་ལྟར། ཁོང་གིས་ལས་འགུལ་དེ་སྤེལ་བའི་དགོས་འདུན་དང་དམིགས་ཡུལ། ལས་འགུལ་སྤེལ་བའི་འདས་པའི་ཟླ་ཤས་རིང་གི་མྱོང་ཚོར་སོགས་ཁོང་ལ་བཅར་འདྲི་ཞུས་པ་དང་། ཞོར་ནས་ཁོང་གི་བོད་དོན་ཐད་ཀྱི་ལངས་ཕྱོགས་དང་དགོངས་ཚུལ་གྱི་ཐད་ནས་ཀྱང་གང་ཙམ་ཞིག་གླེང་བ་བཅས་གསན་རོགས་གནང་།
གསར་འགོད་པ། སྟག་ལྷ་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།