བོད་ཀྱི་བུད་མེད་སྒེར་ལངས་ཉིན་མོར་སྲུང་བརྩི་ཞུས་པ།

རྒྱ་གར་རྒྱལ་ཡོངས་ས་གནས་འདྲ་མིན་ནས་ཕེབས་པའི་བུད་མེད་རྣམས་ནས་རཱཇ་གྷཊ་ནས་ཇན་ཏར་མན་ཏར་བར་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ།
རྒྱ་གར་རྒྱལ་ཡོངས་ས་གནས་འདྲ་མིན་ནས་ཕེབས་པའི་བུད་མེད་རྣམས་ནས་རཱཇ་གྷཊ་ནས་ཇན་ཏར་མན་ཏར་བར་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ། (སངས་རྒྱས་རྒྱ་མཚོ། )

0:00 / 0:00

0:00 / 0:00

༄༅༎ཕྱི་ཟླ་༣ཚེས་༡༢རེས་གཟའ་ཉི་མའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྒྱ་བལ་འབྲུག་གསུམ་གྱི་ས་གནས་༣༤ནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་ཕེབས་ནས་རཱཇ་གྷཊ་ནས་ཇན་ཏར་མན་ཏར་བར་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པའི་གནས་ཚུལ་དང་།

ཡང་སུད་སི་བོད་ཀྱི་བུད་མེད་ཚོགས་པས་བོད་ཀྱི་བུད་མེད་ཀྱི་རང་དབང་སྒེར་ལངས་གནང་ནས་མི་ལོ་༥༨འཁོར་བའི་རྗེས་དྲན་གསོལ་འདེབས་སྨོན་ལམ་དང་རིག་གཞུང་འཁྲབ་སྟོན། བོད་དོན་དྲིལ་བསྒྲགས་བཅས་ཀྱི་ལམ་ནས་སྲུང་བརྩི་ཞུས་གནང་འདུག གནས་ཚུལ་ཞིབ་ཕྲ་འདི་གའི་སུད་སིའི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ཀྱིས་བཏང་བའི་གནས་ཚུལ་བཅས་ལ་གསན་རོགས་གནང་།