ཡོ་རོབ་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་སུད་སི་སྒོར་ས་ཡ་གཅིག་ལྷག་གི་མ་རྩ་འཛུགས་རྒྱུ།
2019.12.06

སུད་སི་གཙོས་པའི་ཡོ་རོབ་ཡུལ་གྲུ་ཁག་ལྔའི་ནང་གནས་བཞུགས་བོད་མི་རྣམས་ཀྱིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་སུད་སི་སྒོར་ས་ཡ་གཅིག་དང་འབུམ་གཉིས་ལྷག་མ་རྩ་འཛུགས་རྒྱུའི་ཞལ་བཞེས་གནང་བ་དང་འབྲེལ་ཡོད་སྐོར། ཉེ་ཆར་ཡོ་རོབ་ཁུལ་དུ་ཆེད་ཕེབས་གནང་མཁན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་ཀྱི་འཆར་འགོད་འགན་འཛིན་འབུམ་རམ་པ་དཀོན་མཆོག་བརྩོན་འགྲུས་ལགས་སུ་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང༎