0:00 / 0:00
རྒྱ་གར་གྱི་བྱང་ཤར་ཨ་རུ་ཎཱ་ཅལ་མངའ་སྡེའི་མཐའ་མཚམས་ས་ཁུལ་ཁག་ནས་བཙན་བྱོལ་བོད་མི་༣༠༠ཙམ་ཁེ་ཎ་ཌའི་གྲོང་ཁྱེར་ཊོ་རན་ཏྲོ་ནང་གཞིས་སྤོ་བྱས་ཡོད་པ་དེ་དག་ད་ཆ་ལོ་ངོ་བཅུ་ཡི་རྗེས་སུ་བོད་མི་༨༠༠ཙམ་ཆགས་ཡོད་པ་དང་། ཉེ་ཆར་སྤྱི་ཟླ་༡ཚེས་༡༣གཟའ་སྤེན་པའི་ཉིན་ཊོ་རན་ཏྲོའི་ནང་བོད་མི་ཁོང་རྣམས་ནས་པད་མ་བཀོད་པའི་ལོ་གསར་གྱི་རྟེན་འབྲེལ་དགའ་སྟོན་ཞུས་པ་དང་དུས་མཚུངས་སུ་བོད་མི་ཁོང་རྣམས་ཁེ་ཎ་ཌའི་ཊོ་རན་ཏྲོ་ནང་འབྱོར་ནས་ལོ་ངོ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་དང་འབྲེལ་བའི་སྐོར་བོད་མི་གཞིས་སྤོ་ལས་འཆར་གྱི་འགན་འཛིན་ཉི་མ་རྡོ་རྗེ་ལགས་དང་ཨེམ་རྗེ་བསྟན་འཛིན་དགེ་ལེགས་ལགས་བཅས་ལ་ཚེ་དབང་ནོར་བུ་ལགས་ཀྱིས་བཅའ་འདྲི་ཞུས་ནས་གནས་ཚུལ་སྙན་སྒྲོན་ཞུས་པ་གསན་རོགས་ཞུ།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།