སྤྱི་འཐུས་རྣམ་པས་ཨུཏ་ཏར་ཁནྜ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་མཇལ་འཕྲད་ཀྱིས་བོད་ནང་གི་གནས་སྟངས་ངོ་སྤྲོད་ཞུས་ཡོད་པ།
2022.02.26

ཟླ་འདིའི་༢༥ ཉིན་བོད་མི་མང་སྤྱི་འཐུས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས། ལྡེ་ར་ལྡུན་ས་གནས་འགོ་འཛིན་བཅས་ནས་ཨུཏ་ཏར་ཁནྜ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Shri. Pushkar Singh Dhami) མཆོག་དང་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་གནས་བབས་དང་། རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས། ལྷག་པར་དུ་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་༢༠༡༤ ཞེས་པའི་སྲིད་བྱུས་དེ་མངའ་སྡེའི་ནང་ལག་བསྟར་ཡོང་བའི་འབོད་བསྐུལ་ཞུས་ཡོད་ཅེས། བོད་མི་མང་སྤྱི་འཐུས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་ཀྱིས་འདི་གའི་གསར་འགོད་པ་བློ་བཟང་ལགས་སུ་ངོ་སྤྲོད་གནང་བར་གསན་རོགས་ཞུ།།