བོད་མི་རྣམས་རང་ལུས་མེར་སྲེག་གཏོང་དགོས་དོན་གང་ཡིན་ཞེས་པའི་བརྗོད་གཞིའི་ཐོག་སྐོར་བསྐྱོད་འགྲེམས་སྟོན་ཞིག་བཞུགས་སྒར་དུ་གོ་སྒྲིག་གནང་ཡོད་པ།
2024.03.02

སྤྱི་ཟླ་ ༢ པའི་ཚེས་ ༢༧ ནས་སྤྱི་ཟླ་ ༣ པའི་ཚེས་ ༨ བར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་འགྲེམས་སྟོན་ཚན་པ་ནས་ཛ་དྲག་གི་དྲི་བ། བོད་མི་རྣམས་རང་ལུས་མེར་སྲེག་གཏོང་དགོས་དོན་གང་ཡིན་ཞེས་པའི་བརྗོད་གཞིའི་ཐོག་སྐོར་བསྐྱོད་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པ་རེད། ཐེངས་དེའི་བཅར་དྲིའི་ལེ་ཚན་ནང་སྐོར་སྐྱོད་འགྲེམས་སྟོན་དེའི་དམིགས་ཡུལ་གཙོ་བོ་དང་། མ་འོངས་པར་ཤུགས་རྐྱེན་ཅི་ཞིག་ཡོད་མེད་ཐད་ལ་བོད་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་སུ་བསྟན་འཛིན་དཔལ་མོ་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་རོགས་ཞུ།།
གསར་འགོད་པ། བསྟན་འཛིན་དཔལ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག