བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་འགན་དབང་།
2020.09.01
གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ༢༠༢༠ ཟླ་ ༩ ཚེས་ ༢ ཉིན་མོ་འདི་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཚོར་མང་གཙོའི་ལམ་བཟང་གསོལ་བསྩལ་མཛད་ནས་བགྲང་བྱ་༦༠ཧྲིལ་པོ་འཁོར་བའི་དུས་ཆེན་འཁེལ་བ་དང་སྟབས་བསྟུན། རང་གི་ལུང་པ་མེད་པར་བཙན་བྱོལ་ནང་གི་མང་གཙོའི་འཕེལ་རིམ་དང་འགན་དབང་ཐད་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ལས་ཟུར་བསྟན་འཛིན་འཇིགས་མེད་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།