༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལམ་ལུགས་བོད་མིར་གསོལ་བསྩལ་མཛད་ནས་ལོ་ངོ་༦༣ ཧྲིལ་པོ་འཁོར་ཡོད་པ།

༡༩༦༠། སྐབས་དང་པོའི་སྤྱི་འཐུས་རྣམ་པ།
༡༩༦༠། སྐབས་དང་པོའི་སྤྱི་འཐུས་རྣམ་པ། (ཝི་ཀི་པི་ཌི་ཡ།)

0:00 / 0:00

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ ཕྱི་ལོ་ ༡༩༦༠ ལོའི་ཟླ་ ༩ ཚེས་ ༢ ཉིན་མང་གཙོའི་ལམ་ལུགས་བོད་མིར་གསོལ་སྩལ་གནང་པ་ནས་བཟུང་ད་བར་བཙན་བྱོལ་བོད་མིའི་མང་གཙོ་ལམ་སྲོལ་དབུ་བརྙེས་ཏེ་མི་ལོ་ ༦༣ ཧྲིལ་པོ་འཁོར་ཡོད་པ་རེད། མང་གཙོའི་ལམ་ལུགས་ཚད་ལྡན་ཤིག་ནི་གྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་། ཁྲིམས་ཀྱི་དབང་སྒྱུར་བཅས་ལ་གུས་བརྩི་ཞུ་པ་དང་སྤྱི་ཚོགས་ལྷིང་འཇགས་ཀྱི་གཞི་རྩའང་ཡིན། བཙན་བྱོལ་ནང་སྨ་བརྗོད་རང་དབང་དང་ཐོབ་ཐང་འདྲ་མཉམ་གྱི་གོ་སྐབས་རྣམས་གཅེས་འཛིན་བྱ་དགོས་པ་གལ་ཆེན་པོ་ཆགས་ཡོད་པ་རེད། འདིའི་ཐད་Oxford གཙུག་ལག་སློབ་གྲྭ་ཆེན་མོའི་སྲིད་དོན་ས་ཁམས་རིག་པའི་སློབ་དཔོན་Fiona McConnellདང་། དཔེ་དེབ་´The Tibetan Journey to Democracy'འམ་བོད་མིའི་མང་གཙོའི་ལམ་ཕྱོགས་ཞེས་པའི་རྩོམ་པ་པོ་Anna Alomes དང་། བོད་མི་མང་སྤྱི་ཟུར་དང་བཀའ་བློན་ཟུར་པ་སྐར་མ་ཡེ་ཤེས་ལགས་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་ཟེར་ལགས་རྣམས་ལ་བཀའ་འདྲི་ཞུས་ནས་ཕྱོགས་བསྡུས་ཞུས་པ་ཞིག་བསྟན་འཛིན་དཔལ་མོ་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བསྟན་འཛིན་དཔལ་མོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག