རྒྱལ་ཡོངས་བོད་རིཊ་སྤྱི་མཐུན་ཚོཊ་པའི་ཚོཊ་ཆེན་ཐེངས་དྲུག་པ།


2014.04.08
ཨའོསི་ཊརེ་ལི་ཡར་གནས་སྡོད་བོད་མི་ཚོས་བོད་དོན་སྐད་འབོད་བྱེད་བཞིན་པ། ༢༠༠༨ པར། ས་གནས་ནས་བཏང་།
Photo: RFA

ཨའོསི་ཊརེ་ལི་ཡ་དང་ནིའུ་ཛེ་ལེན་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་ཚོགས་གཏན་འཁེལ་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། ཚོགས་ཆེན་དེ་བཞིན་ཨའོསི་ཊརེ་ལི་ཡའི་གྲོང་ཁྱེར་སིཌ་ནཱི་རུ་ཚོགས་གཏན་འཁེལ་འདུག་པ་དང་། ཕྱི་ཟླ་༤ ཚེས་ ༡༨ནས་༢༠ བར་གྱི་ཉིན་གྲངས་གསུམ་རིང་ཚོགས་རྒྱུའི་ཚོགས་ཆེན་དེའི་ཐོག་གི་གྲོས་གཞི་དང་འབྲེལ་བའི་ཐད་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱེད་པའི་སྔོན་འགྲོའི་ཚོགས་འདུ་ཞིག་ཀྱང་ཚོགས་འདུག དེའི་ཐད་ཨའོསི་ཊརེ་ལི་ཡའི་སིཌ་ནི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཕུར་བུ་བཀྲིས་ལགས་ཀྱིས་བརྗོད་པར་གཞིགས་ན། ཨའོསི་ཊརེ་ལི་ཡ་དང་ནིའུ་ཛེ་ལེནཌ་གཉིས་སུ་གནས་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དྲུག་པ་འདིའི་ཐད་བགྲོ་གླེང་གནང་རྒྱུའི་དོན་གནད་གལ་ཆེ་བདུན་ཙམ་ཞིག་ཡོད་པ་དེ་དག་ནི་བོད་རིགས་ཚོགས་པ་ཁག་དང་ཨའོསི་ཊརེ་ལི་ཡར་ཡོད་པའི་སྐུ་ཚབ་དོན་གཅོད་ཐོུང་ནས་གཏན་འབེབས་གནང་པ་ཞིག་ཡིན་འདུག
འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་དུས་ནས་དུས་སུ་ཚོགས་པ་ཡོངས་རྫོགས་མཉམ་འདུས་ཀྱིས་བོད་ཀྱི་རྩ་དོན་འགྲུབ་ཕྱོགས་དང་། བོད་མིའི་ཆོས་དང་རིག་གཞུང་གི་ངོ་བོ་མི་ཉམས་རྒྱུན་འཛིན་བྱ་ཕྱོགས་སོགས་ཀྱི་ཐད་བགྲོ་གླེང་བྱེད་པའི་ཚོགས་ཆེན་ཚོགས་སྲོལ་ཡོད་པ་རེད། ད་ཆ་ཡོ་རོབ་དང་ཨའོསི་ཊརེ་ལི་ཡ། དེ་བཞིན་ཨ་མི་རི་ཀ་བཅས་ཀྱི་ནང་བོད་མིའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པ་འདིའི་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ས་གནས་ཁག་ཏུ་ཡོད་པའི་བོད་པའི་སྤྱི་མཐུན་ཚོགས་པ་ཁག་དང་འབྲེལ་ལམ་བྱེད་ཕྱོགས་ཀྱི་སྲིད་བྱུས་ཤིག་ངེས་པར་གཏན་འབེབས་དགོས་གལ་ཆེ་སྐོར་སྤྱི་འཐུས་གྲོས་ཚོགས་ནང་གླེང་སློང་ཆེ་ཙམ་བྱུང་ཡོད་པ་རེད། ས་གནས་སོ་སོའི་ནང་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པ་དེ་དག་ནི་ས་གནས་བོད་མི་ཚོས་འོས་འདེམས་ཞུས་པའི་རྒྱུན་ལས་ཀྱིས་སྣེ་འཁྲིད་དེ་བོད་ཀྱི་ཆོས་དང་རིག་གཞུང་། ཆབ་སྲིད། སྤྱི་ཚོགས་དང་འབྲེལ་བའི་ལས་འགུལ་སྤེལ་མཁན་གྱི་ཚོགས་པ་གལ་ཆེ་རིགས་ཆགས་ཡོད་པ་རེད།  
གསར་འགོད་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎