སུད་སི་ཁུལ་དུ་བོད་ཀྱི་གློག་བརྙན་དུས་ཆེན་ཚུགས་བཞིན་པ།

དོན་གྲུབ་དབང་ཆེན་ལགས་ཀྱིས་བོད་ནང་དུ་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་སྐྲུན་བྱས་པར་དྲན་གསོ་ཞུ་བཞིན་ཡོད།
དོན་གྲུབ་དབང་ཆེན་ལགས་ཀྱིས་བོད་ནང་དུ་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་སྐྲུན་བྱས་པར་དྲན་གསོ་ཞུ་བཞིན་ཡོད། (བོད་ཀྱི་གློག་བརྙན་དུས་སྟོན།)

0:00 / 0:00

༄༅༎ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཕྱི་ཟླ་ ༩ ཚེས་ ༡༢ ནས་ ༡༥ བར་སུད་སི་ཁུལ་དུ་བོད་ཀྱི་གློག་བརྙན་དུས་ཆེན་ཚུགས་མུས་དང་བསྟུན། དེའི་བརྒྱུད་དོན་གྲུབ་དབང་ཆེན་ལགས་ཀྱིས་བོད་ནང་དུ་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་སྐྲུན་བྱས་པར་དྲན་གསོ་ཞུ་བཞིན་ཡོད་པ་རེད། གློག་བརྙན་དུས་ཆེན་ཐོག་མར་གོ་སྒྲིག་གནང་མཁན་གྲས་ནས་ཡོ་རོབ་སྤྱི་ཟུར་བཀྲས་མཐོང་དབང་པོ་ལགས་དང་། ད་ཆ་སུད་སི་ཁུལ་དུ་ཕེབས་ཞུགས་ཡོད་པ་བོད་ཀྱི་ཆབ་སྲིད་བཙོན་ཟུར་གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་ལགས་དང་ལྷན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།

tashi-wangchuk-75
(Yeshi Tashi)

གསར་འགོད་པ་བཀྲ་ཤིས་དབང་ཕྱུག