བོད་ནི་ངོ་རྒོལ་གྱི་གྲངས་འབོར་ཆེ་བའི་ས་ཚིགས་ཤིག་ཆགས་ཡོད་པ་ཨ་རིའི་རང་དབང་ཁང་པས་ཟླ་གསུམ་ཕྱོགས་བསྡུས་ཀྱི་གནས་སྟངས་ཕྱོགས་བསྡུས་ཞུས་པའི་ནང་གསལ་སྟོན་བྱས་འདུག

2024.11.25
བོད་ནི་ངོ་རྒོལ་གྱི་གྲངས་འབོར་ཆེ་བའི་ས་ཚིགས་ཤིག་ཆགས་ཡོད་པ་ཨ་རིའི་རང་དབང་ཁང་པས་ཟླ་གསུམ་ཕྱོགས་བསྡུས་ཀྱི་གནས་སྟངས་ཕྱོགས་བསྡུས་ཞུས་པའི་ནང་གསལ་སྟོན་བྱས་འདུག
Freedom House

བོད་ནི་རྒྱ་ནག་ནང་བསམ་བློའི་འདུ་ཤེས་ཀྱི་འགལ་ཟླ་ཆེ་ཤོས་ཡོང་སའི་གནད་འགག་ཆེ་བའི་ས་ཁུལ་གྲས་ཤིག་གྱུར་ཏེ་ངོ་རྒོལ་གྱི་གྲངས་འབོར་ཆེ་བའི་ས་ཚིགས་ཤིག་ཆགས་ཡོད་པ་ཨ་རིའི་རང་དབང་ཁང་པས་ཉིན་ཤས་གོང་བཏོན་པའི་འདི་ལོའི་ཕྱི་ཟླ་ ༧ ནས་ ༩ བར་གྱི་ཟླ་གསུམ་ཕྱོགས་བསྡུས་ཀྱི་གནས་སྟངས་ཕྱོགས་བསྡུས་ཞུས་པའི་ནང་གསལ་སྟོན་བྱས་འདུག་ལ།  བོད་ནང་དུ་དབྱེས་ན་ལྷ་ས་ཁུལ་ནི་དོན་རྐྱེན་མང་ཤོས་ཏེ་བརྒྱ་ཆ་ ༦༠ ལྷག་བྱུང་ཡུལ་དུ་ཐོ་འགོད་བྱུང་འདུག བདུན་རེའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་། རྒྱ་ནག་ནང་ཟླ་གསུམ་གྱི་ངོ་རྒོལ་གྱི་གནས་ཚུལ་བྱུང་པ་ ༩༣༧ ནི་སྔ་ལོའི་དུས་ཚིགས་དེ་དང་བསྡུར་ན་བརྒྱ་ཆ་ ༢༧ ཕར་ཡོད་པ་བཅས་འཕེལ་རིམ་འདིའི་ཐད་དཔྱད་གཞིའི་སླད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་དང་།  རྩོམ་སྒྲིག་འགན་འཛིན་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་གླེང་མོལ་ཞུས་པར་གསན་རོགས་གནང་།།

གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎