དཔལ་ས་སྐྱའི་འཁོན་གདུང་གོང་མ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པའི་མཚན་གནས་དང་གསེར་ཁྲིར་མངའ་གསོལ་གནང་བ།

2022.03.16
དཔལ་ས་སྐྱའི་འཁོན་གདུང་གོང་མ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པའི་མཚན་གནས་དང་གསེར་ཁྲིར་མངའ་གསོལ་གནང་བ། དཔལ་ས་སྐྱའི་འཁོན་གདུང་གོང་མ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པའི་མཚན་གནས་དང་གསེར་ཁྲིར་མངའ་གསོལ་གནང་བའི་སྐོར།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

དཔལ་ས་སྐྱའི་ཁྲི་འཛིན་གྱི་མཚན་གནས་བཞེས་ཕྱོགས་ཀྱི་ལམ་ལུགས་ལ་བསྒྱུར་བ་བཏང་སྟེ། མཁྱེན་ཡོན་གྱི་ཆ་རྐྱེན་དང་བཅས་ཕོ་བྲང་གཉིས་ཀའི་གདུང་སྲས་རྣམས་བགྲེས་རིམ་བཞིན། ལོ་གསུམ་རེའི་རིང་བསྟན་བདག་ཁྲི་འཛིན་གྱི་མཚན་གནས་བཞེས་རྒྱུའི་ཐུགས་ཐག་བཅད་གནང་མཛད་པ་ལྟར། སྤྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༦ ནས་ ༡༧ བར་ཉིན་གཉིས་རིང་པུ་རུ་ཝ་ལའི་དཔལ་ས་སྐྱའི་མ་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་དུ་སྒྲོལ་མ་ཕོ་བྲང་གི་གདུང་སྲས་སྐུ་གཞོན་གོང་མ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་དཔལ་ས་སྐྱའི་ཁྲི་རབས་ཞེ་གསུམ་པའི་མཚན་གནས་དང་གསེར་ཁྲིར་མངའ་གསོལ་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བློ་བཟང་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ།།
གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎