རྒྱ་གར་རྒྱལ་ཡོངས་སུ་བོད་དོན་ངོ་སྤྲོད།
2019.12.28

༄༅༎ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་དོན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ ༢༠༡༩ ཟླ་ ༨ ནས་ ༡༢ བར་ཟླ་བ་བཞིའི་རིང་རྒྱ་གར་གྱི་མངའ་སྡེ་དང་གྲོང་ཁྱེར་བཅས་སོགས་ ༨ ཀྱི་ནང་བོད་དོན་འབྲེལ་བའི་སྙན་ངག་གྱེར་འདོན་དང་བོད་དོན་ངོ་སྤྲོད་གནང་བར་ཕེབས་པ་བཅས་ཀྱི་སྐོར་དང་། ལྷག་པར་མེས་པོ་དམ་པ་གྷན་དྷིའི་ལྟ་གྲུབ་དང་འབྲེལ་བའི་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་གི་ཚོགས་འདུ་བཅས་སུ་ཕེབས་ཞུགས་གནང་བའི་ནང་དོན་སྐོར་ལས་རིམ་གཙོ་སྐྱོང་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ་བཀྲ་ཤིས་དབང་ཕྱུག