ཉེ་ཆར་བོད་དོན་ཚོགས་པ་ཁག་དྲུག་གི་གཞོན་སྐྱེས་སྐུ་ཚབ་རྣམ་པས་རྒྱ་གར་གཞུང་ལ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ།
2023.12.11

བོད་དོན་ལས་འགུལ་སྤེལ་ཕྱོགས་ཐད་གཞོན་སྐྱེས་ཚོས་དམིགས་གསལ་དོ་སྣང་དང་ནུས་པ་མཉམ་སྤུངས་བྱེད་དགོས་པ་བཞིན། ཉེ་ཆར་བོད་དོན་ཚོགས་པ་ཁག་དྲུག་གི་གཞོན་སྐྱེས་སྐུ་ཚབ་རྣམ་པས་བདུན་ཕྲག་གཅིག་རིང་རྒྱ་གར་གི་རྒྱལ་ས་ལྡི་ལིར་རྒྱ་གར་གཞུང་ལ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ཞིག་སྤེལ་ཏེ། བོད་ནང་གི་ཕྲུ་གུ་ཚོ་བཙན་ཤེད་ཀྱིས་གཏན་འཇགས་སློབ་གྲྭར་གཏོང་བའི་སྲིད་ཇུས་ལག་བལྟར་བཏང་བཞིན་ཡོད་པ་སོགས་ཀྱི་གནད་དོན་ཐད་གླེང་མོལ་ལྷུག་པོ་བྱུང་འདུག གོང་ཞུས་བོད་དོན་ལས་འགུལ་ཚོགས་པ་ཁག་དྲུག་ནང་གི་འཚེ་བ་མེད་པའི་ཐབས་ལམ་གྱི་གདམ་ཁའི་ཐེབས་རྩ་ཁང་གི་སྐུ་ཚབ་བསྟན་འཛིན་དགྲ་འདུལ་ལགས་སུ་གསར་འགོད་པ་སྒྲོལ་མ་ལྷ་མོ་ལགས་ཀྱིས་ཐེངས་འདིའི་བོད་དོན་འབོད་སྐུལ་ཞུ་བའི་ལས་འགུལ་ཐད་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག