༧གོང་ས་མཆོག་གི་མཛད་རྣམ་དང་གསུང་རྩོམ་ཐོག་མཁས་པའི་བགྲོ་གླེང༌།
2016.02.27

༄༅། །ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་དུ། ཟླ་འདིའི་ཚེས་༢༥ཉིན་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་དགེ་ལུགས་ཡོངས་ཀྱི་༧རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གྱི་ཚོགས་ཆུང་གི་གོ་སྒྲིག་འོག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠ལ་ཕེབས་པར་དགེ་ལུགས་ཡོངས་ཀྱི་རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་དང་འབྲེལ། ༧རྒྱལ་བའི་མཛད་རྣམ་དང་གསུང་རྩོམ་སོགས་ཀྱི་ཐོག་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་ཞིག་ཚོགས་གནང་ཡོད་པའི་སྐོར། སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས་ལགས་ཀྱིས་འབྲེལ་ཡོད་མི་སྣ་དང་ལྷན་དུ་བཀའ་མོལ་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།