ཨོ་གླིང་དུ་སྲིད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གཏམ་བཤད་ཀྱི་ལས་རིམ་ལ་རྒྱ་ནག་གཞུང་གིས་དགག་པ་བརྒྱབ་འདུག

2023.06.12
ཨོ་གླིང་དུ་སྲིད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གཏམ་བཤད་ཀྱི་ལས་རིམ་ལ་རྒྱ་ནག་གཞུང་གིས་དགག་པ་བརྒྱབ་འདུག ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་(National Press Club of Australia) ཀྱིས་གདན་ཞུ་ལྟར། འདི་ཚེས་༢༠ ཉིན་སྲིད་སྐྱོང་མཆོག་གིས། རྒྱ་བོད་གཉིས་ཀྱི་དཀའ་རྙོག་སེལ་ཐབས་དང་འབྲེལ་བའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་རྒྱུའི་ལས་རིམ་གོ་སྒྲིག་ཞུས་འདུག་
National Press Club of Australia

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱི་ཨའོསི་ཊརེ་ལི་ཡ་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་ལས་རིམ་ཞིག་གི་ཐོག་གསུང་བཤད་གནང་རྒྱུར་རྒྱ་ནག་གཞུང་གིས་དགག་པ་བྱས་ཡོད་ཅིང་། འདི་འདྲའི་འགོག་རྐྱེན་བཟོ་སྐབས་སུ་རྒྱ་ནག་གཞུང་གིས་ཚོང་དོན་དང་། མ་རྩའི་ལམ་ལུགས། ཚོང་ཟོག་འོར་འདྲེན་བྱེད་ཕྱོགས། འཕྲུལ་རིགས་དགོས་མཁོའི་ཆེད་རེ་ལྟོས་བཅས་ལ་སྙད་དེ་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གྱི་ལམ་ལུགས་ནང་འཇིགས་སྣང་གི་ཤུགས་རྐྱེན་བཟོ་ཡི་ཡོད་པ་རེད། ཐེངས་འདིའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་། བཀྲིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།

གསར་འགོད་པ། བཀྲ་ཤིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎