བོད་མི་ཚོས་བོད་པའི་རིག་གཞུང་བརྒྱུད་མངའ་སྡེའི་ནང་དུ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ།
2024.08.01
ཨོན་ཏྲེ་མངའ་སྡེའི་སྲིད་བློན་སྐུ་ཞབས་བློན་སྒྲོག་ཧྥོར་ཌེ་ལགས་དང་མངའ་སྡེའི་གྲོས་ཚོགས་ཀྱི་་འཐུས་མི་ལྕམ་ཁེ་རིཌན་ཧོ་གར་ད་གཉིས་ནས་ཀྱངརིག་གཞུང་གཅེས་ནོར་གྱི་ཟླ་བ་བརྒྱུད་ཨོན་ཌེ་རི་མངའ་སྡེའི་ནང་བོད་མི་ཚོས་བོད་པའི་རིག་གཞུང་བརྒྱུད་མངའ་སྡེའི་ནང་དུ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་མུ་མཐུད་རྒྱུན་འཁྱོངས་ཡོང་བའི་ཐུགས་རེ། དེ་བཞིན་ཁོང་རྣམ་གཉིས་ནས་ས་གནས་བོད་མི་དང་བླངས་ཕྱགས་ལས་གནང་མཁན་དང་རིག་གཞུང་ཟླ་བ་རྫོགས་ལ་ཉེ་བའི་སྐབས་དེར་ས་གནས་བོད་མི་ཚོས་བོད་པའི་རྒྱལ་རབས་། རིག་གཞུང།གོམས་གཤིས་བཅས་སྲུང་བརྩི་ལེགས་པོ་ཞུ་ཐུབ་པའི་རེ་བ་ཡོད་པ་སོགས་ཀྱི་བརྙན་གྱི་གསུང་འཕྲིན་སྐར་ཆ་གསུམ་བཅུ་སོ་དགུ་ཡོད་པ་ཞིག་གནང་འདུག ཞིབ་ཕྲའི་གནས་ཚུལ་ཨོ་རྒྱན་ལགས་ཀྱིས་ས་གནས་བཏང་བའི་གནས་ཚུལ།
གསར་འགོད་པ། ཨོ་རྒྱན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།