༧རྒྱལ་མཆོག་༧སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་དོན་ཚན་ལྔ་ཅན་གྱི་གསལ་བསྒྲགས་བསྐྱངས་པ།
2023.02.14
ཕྱི་ཟླ་ ༢ ཚེས་ ༡༣ ཉིན་༧རྒྱལ་མཆོག་༧སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་ཆུ་གླང་རྩ་ཚིག་གི་དོན་ཚན་ལྔ་ཅན་གསལ་བསྒྲགས་བསྐྱངས་པའི་དུས་ཚིགས་འཁེལ་ཞིང་། རྩ་ཚིག་དེའི་ནང་བོད་ཀྱི་དྲག་པོའི་དམག་གི་སྒྲིག་འཛུགས་ལ་ལེགས་བཅོས་དང་། ཤོག་དངུལ། གསེར་དངུལ་གྱི་ཊམ་ག སྦྲག་ཐམ། སྦྲག་རྟགས་བཅས་རྒྱལ་ཁབ་ཅིག་གི་དགོས་མཁོ་ཁག་གསར་གཏོད་མཛད་དེ་ལོ་ངོ་བརྒྱ་དང་བཅུ་འཁོར་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།