གཞུང་འབྲེལ་སྲིད་ཇུས་དང་སྐད་འབོད་གཉིས་ཀྱི་དབར་ཁྱད་པར་ཡོང་དོན་གྱི་གནད་འགག
བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་ ༦༦ པའི་གཞུང་འབྲེལ་མཛད་སྒོར་བཀའ་ཤག་གི་གསུང་བཤད་ནང་གཉིས་སྨན་དབུ་མའི་ལམ་གྱིས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་སྲིད་ཇུས་རྒྱུན་འཁྱོངས་བྱེད་བཞིན་པ་ནི། རྒྱུ་མཚན་ཡང་དག་དང་ལག་ལེན་བསྟར་རུང་ཡིན་པར་ཡིད་ཆེས་ཡོད་པ་བརྗོད་འདུག་ཀྱང་། གཞི་རིམ་མི་མང་ཀྱིས་དུས་དྲན་སྲུང་བརྩི་སྐབས་སུ་བཙན་རྒྱལ་རྒྱ་དམར་བོད་ནས་མཐར་སྤྲོད་གཏོང་གི་ཡིན་ཟེར་བའི་མི་མང་ལངས་གླུ་གཏང་བ་དང་། བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་མི་བོད་ནས་ཕྱིར་རྒྱུགས་ཤིང་ཟེར་བ་སོགས་རང་དབང་གིས་སྐད་འབོད་སྣ་ཚོགས་སྒྲོགས་ནས་བོད་མིའི་འདུས་སྡོད་གང་སར་གསུམ་བཅུ་དུས་དྲན་སྲུང་བརྩི་ཞུ་ཡོད་སྟབས། གཞུང་འབྲེལ་སྲིད་ཇུས་དང་སྐད་འབོད་གཉིས་ཀྱི་དབར་ཁྱད་པར་ཡོང་དོན་གྱི་གནད་འགག་གི་སྐོར་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་ངོ་རྒོལ་ནང་ཞུགས་མཁན་ཁག་ཅིག་ལ་བཅའ་འདྲི་བྱས་པའི་ལེ་ཚན་དེ་གསན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།