ཆོག་མཆན་སྤྲད་མིན་ལ་མ་བལྟོས་བར་བཀག་འདུག


2014.03.05
༢༠༠༨ལོར་བལ་ཡུལ་དུ་བོད་མི་ཚོས་བོད་དོན་ལས་འགུལ་སྤེལ་སྐབས་ཉེན་རྟོག་པས་བོད་མི་ཞིག་འཛིན་བཟུང་བྱེད་བཞིན་པ། ༢༠༠༨ལོར་བལ་ཡུལ་དུ་བོད་མི་ཚོས་བོད་དོན་ལས་འགུལ་སྤེལ་སྐབས་ཉེན་རྟོག་པས་བོད་མི་ཞིག་འཛིན་བཟུང་བྱེད་བཞིན་པ།
པར་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཀླུ་འབུམ།

བལ་ཡུལ་ཀཱ་ཐ་མན་ཀྲོའུ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལོ་གསར་མཚན་ཚོགས་ཆོག་མཆན་ཞུས་མིན་ལ་མ་བལྟོས་བར་བལ་ཡུལ་གཞུང་གིས་བཀག་འདུག
དེ་ཡང་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། བལ་ཡུལ་གྱི་རྒྱལ་ས་ཀཱ་ཐ་མན་ཀྲོའུ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ཟླ་གསུམ་པའི་ཚེས་ལྔ་སྟེ་བོད་ཀྱི་ལོ་སར་ཚེས་བཞི་ཉིན། བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་ལ་ཡོད་པའི་སྐར་མ་ལྔ་ལྡན་གྱི་མགྲོན་ཁང་hyatt་ལ། ལོ་གསར་ཆེད་མཚན་ཚོགས་བྱེད་སྒོ་ཞིག་བལ་ཡུལ་གཞུང་དང་ཉེན་རྟོག་ལས་ཁུངས་སུ་སྔ་ས་ནས་ཆོག་མཆན་ཞུས་བ་ལྟར་ཟླ་གཅིག་གི་སྔོན་ནས་གྲ་སྒྲིག་བྱས་པ་དང་། འཛིན་བྱང་ཡོད་ཚད་བཙོང་ནས་ཚེས་ལྔ་ཉིན་མཚན་ཚོགས་ཚོགས་གྲབས་བྱས་སྐབས་གློ་བུར་བལ་ཡུལ་ནང་སྲིད་ལྷན་ཁང་ནས་བཀའ་བཏང་བ་ལྟར་བཀག་སྡོམ་བྱས་ཡོད་པ་རེད་འདུག དེའི་ཐད་ཀཱ་ཐ་མན་ཀྲོའུ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ཤིག་གིས་གསུང་དོན། མཚན་ཚོགས་ལ་གྲ་སྒྲིག་ཆེད་ང་ཚོས་བལ་ཡུལ་མཆོད་རྟེན་ས་ཁུལ་གྱི་ཉེན་རྟོག་ལས་ཁུངས་དང་། ཀཱ་ཐ་མན་ཀྲོའུ་རྫོང་སྡེ་ལས་ཁུངས་ལ་ཆོག་མཆན་ཞུས་བ་ལྟར་ཐོབ་ཡོད་ཀྱང་། དེ་རིང་གློ་བུར་དུ་ནང་སྲིད་ལྷན་ཁང་ནས་བཀའ་བཏང་བ་ལྟར་ཉེན་རྟོག་པ་མང་པོ་འབྱོར་ནས་མཚན་ཚོགས་ཚོགས་མི་ཆོག་པའི་ཉེན་བརྡ་བཏང་བ་ལྟར། ང་ཚོས་མཚན་ཚོགས་ཕྱིར་འཐེན་བྱེད་དགོས་བྱུང་ཞེས་འགྲེལ་བརྗོད་བྱས་འདུག
གནས་ཚུལ་ཡོང་ཁུངས་ནས་བརྗོད་ན། ཉེ་ཆར་བསྐོ་བཞག་བྱས་པའི་བལ་ཡུལ་ནང་སྲིད་བློན་ཆེན་ནི་རྒྱ་ནག་ལ་ཐུགས་ཉེ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་དང་། ཐེངས་འདིའི་ལོ་སར་མཚན་ཚོགས་དེ་བཀག་འགོག་བྱས་བར་བལ་ཡུལ་ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་གནོན་ཤུགས་སྤྲད་པའི་རྐྱེན་གྱིས་ཡིན་པར་སྤྱི་ཚོགས་ནང་ངོས་འཛིན་བྱེད་བཞིན་ཡོད་ཟེར། དེ་བཞིན་བལ་ཡུལ་གྱི་ས་གནས་གསར་ཤོག་ནག་རིགས་ཞེས་པའི་ཐོག་གནས་ཚུལ་བཀོད་པ་ལྟར་ན། ཉིན་ཤས་སྔོན་བལ་ཡུལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་བལ་ཡུལ་གྱི་ནང་སྲིད་ལྷན་ཁང་དང་ཉེན་རྟོག་ཚན་པས་དབུས་ལས་ཁུངས་ལ་བོད་དོན་ལས་འགུལ་དང་འབྲེལ་བའི་གནས་ཚུལ་ཞིག་ཕུལ་བའི་ནང་། རྒྱ་གར་ནས་བོད་མི་བཅོ་ལྔ་བལ་ཡུལ་ནང་ཆེད་གཏོང་གིས་བལ་ཡུལ་དུ་རང་ལུས་མེར་བསྲེག་ལ་སོགས་པའི་བོད་དོན་ལས་འགུལ་སྤེལ་འཆར་ཡོད་པ་སོགས་ས་གནས་གསར་ཤོག་དེས་བལ་ཡུལ་དབུས་ཉེན་རྟོག་ལས་ཁུངས་ནས་གནས་ཚུལ་མཁོ་སྤྲོད་བྱས་ཚུལ་འགྲེལ་བརྗོད་བྱས་འདུག

མཚན་ཚོགས་འཛིན་བྱང་གི་ངོ་བཤུས།
མཚན་ཚོགས་འཛིན་བྱང་གི་ངོ་བཤུས།

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎