ཨ་རིའི་ནང་གནས་སྡོད་བོད་མི་ཏོག་དབྱིབས་ནད་རིམས་འགོས་ཡོད་མེད།


2020.04.10
ཨ་རིའི་ནང་གནས་སྡོད་བོད་མི་ཏོག་དབྱིབས་ནད་རིམས་འགོས་ཡོད་མེད། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ཁུ་ཨེན་སི་ས་ཁུལ་བོད་མི་ཚོར་རིམས་ནད་དེ་འགོས་ཡོད་མེད་དང་ཉིན་རེའི་འཚོ་བའི་གནས་སྟངས།
གངས་ལྗོངས་གླེང་སྟེགས།

༄༅།།ཐེངས་འདིའི ༼གངས་ལྗོངས་གླེང་སྟེགས༽ཀྱི་སྐབས་སུ་བབ་པའི་གླེང་གཞི་ནི། སྤྱིར་ན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ཁུ་ཨེན་སི་ས་ཁུལ་དུ་གནས་སྡོད་བོད་མི་ཚོའི་གནས་སྟངས་ག་འདྲ་ཡིན་པ་དང་། བོད་མིར་ཏོག་དབྱིབས་ནད་དུག་འགོས་ཡོད་མེད། བྱེ་བྲག་ཏོག་དབྱིབས་ནད་དུག་གི་གནས་སྟངས་ལ་གཞིགས་པའི་གྲོང་ཁྱེར་བསྡམས་ནས་ཐེམ་སྤང་གི་ཚུལ་གྱིས་སྒོའི་ཕྱི་རུ་མི་འགྲོ་བའི་སྲིད་ཇུས་གནས་སྟངས་འོག བོད་མི་ཚོ་དཀའ་ངལ་གཙོ་བོ་གང་དང་གང་ལ་འཕྲད་ཡོད་པ་དང་། ལྷག་པར་དུ་འཚོ་བར་དཀའ་ངལ་ཡོད་མེད། ཨ་རི་གཞུང་གི་སྐྱོབ་གསོ་སྲིད་ཇུས་རེག་ཡོད་མེད། གྲོང་ཁྱེར་བསྡམས་པའི་སེམས་ཀྱི་མྱོང་ཚོར་སོགས་ཀྱི་ཐད་ནས་ད་ལྟ་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་ཁུ་ཨེན་སི་ས་ཁུལ་དུ་ཡོད་པའི་ཨ་རིག་འགྱུར་མེད་ལགས་དང་མཉམ་ལེ་ཚན་གཙོ་སྐྱོང་བ་སྟག་ལྷ་རྒྱལ་ལགས་ཀྱིས་ཁ་བརྡ་བྱས་པ་དང་། ཞོར་ནས་ཨ་རིའི་སྐྱོབ་གསོ་དང་རྒྱ་ནག་གི་སྐྱོབ་གསོ་གཉིས་མཚུངས་བསྡུར་ཡང་བྱས་པ་ཞིག་ལ་ཉན་རོགས་གནོངས།།

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎